དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་དེ་བས་ལྗང་མདོག་ལྡན་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཧྥེ་ཚུང་།   |     སྤེལ་དུས།  2019-05-31

    གྲོང་ཁྱེར་འཛུགས་སྐྲུན་ནས་གྲོང་གསེབ་དར་རྒྱས་བར་དང་ཐོན་ལས་འཕེལ་རྒྱས་ནས་རྒྱུན་གཏན་གྱི་འཚོ་བའི་བར་སོགས་ཕྱོགས་གང་ས་ཅི་ཐད་ལ་ལྟ་ཞིབ་ཞིབ་ཕྲ་བྱེད་སྐབས། ཉེ་བའི་ལོ་ཤས་རིང་ལྷ་སའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་ཤེས་རྟོགས་བྱུང་ཡོད། ང་ཚོས་གཙོ་གནད་རྒྱུན་མཐུད་སྐུལ་འདེད་ལ་སྟངས་འཛིན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་སྣོད་བཅུད་དེ་བས་ལྗང་མདོག་ལྡན་པ་བྱེད་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་མི་དམངས་ཀྱི་བདེ་སྐྱིད་དང་། མི་རིགས་ཀྱི་འབྱུང་འགྱུར། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་བདེ་བླག་ངང་ལག་བསྟར་ཐུབ་མིན་བཅས་དང་འབྲེལ་བ་ཡོད་པའི་ཕུགས་ཀྱི་འཆར་གཞི་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་བྱེད་མགྱོགས་སུ་གཏོང་དགོས། ཁྲོམ་རའི་དཔལ་འབྱོར་འོག་དཔལ་འབྱོར་སྲིད་ཇུས་སྐུལ་ལྕག་གི་ཕན་ནུས་འདོན་སྤེལ་དང་བྱེད་པོ་སྣ་ཚོགས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས།

    ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བཏོད་དེ་ཧུར་བརྩོན་གྲོན་ཆུང་དང་། ལྗང་མདོག་ཐཱན་ཉུང་། ཤེས་དཔལ་བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་བྱེད་སྟངས་མགྱོགས་མྱུར་ཆགས་པ་བྱེད་དགོས། ལྗང་མདོག་ཐོན་རྫས་འཛད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་བཏང་སྟེ་ནུས་ཆེ་དང་ནུས་རྒྱུ་གྲོན་ཆུང་གི་ཐོན་རྫས་མུ་མཐུད་ཁྱབ་གདལ་གཏོང་དགོས། གྲོན་ཆུང་གི་ཀུན་སྤྱོད་བཟང་པོ་འཇགས་པའི་དམངས་ཡོངས་ཀྱི་གྲོན་ཆུང་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་དང་བླང་བྱ་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་གཟའ་འཁོར་དང་། རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོ། ཁོར་ཡུག་ཉིན་མོ་སོགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོར་བཅུག་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།