དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་དུ་ཡུལ་སྐོར་དུ་ཡོང་མཁན་རྒྱུན་མི་ཆད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-15

    621987_yis_1557810513595_s.jpg

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁ་ཤས་ཀྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྩེད་མོ་རྩེ་བ་དང་པར་རྒྱག་བཞིན་པ།

    ཟླ་3ཚེས་31ཉིན་གྱི་ཕྱི་དྲོ་ཉིན་9རིང་བར་ཐག་རིང་བའི་འགྲུལ་བཞུད་བྱས་པ་བརྒྱུད་2019ལོར་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རྒྱལ་ཡོངས་ཀྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་བྱེད་སྒོའི་སྒེར་འཁོར་རླངས་འཁོར་རུ་ཁག་བདེ་འཇགས་ངང་ཉིང་ཁྲིར་འབྱོར་བ་རེད།

    ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་མང་པོར་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ“སའི་གོ་ལའི་སྣེ་གསུམ་པར”བསུས་ཏེ་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་དང་། ཆུ་ཚན་ཡུལ་སྐོར། སྐར་གཟིགས་ཡུལ་སྐོར། འབྲོག་ཁྱིམ་ཡུལ་སྐོར་སོགས་བྱ་རྒྱུ་དེ་བོད་དུ་ཡུལ་སྐོར་བྱེད་པའི་དམིགས་ས་གཙོ་བོར་གྱུར་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཚོང་གཉེར་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་བོད་ཀྱི་ཡུལ་སྐོར་གྱི“ལོ་ཕྱེད་དཔལ་འབྱོར”གྱི་དཀའ་གནད་བསལ་བ་དང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་མགྱོགས་སུ་བཏང་ནས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་བྱས་པ་རེད། 2018ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3368.73ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་490.14བྱུང་བ་དང་འཕར་ཚད་30%ཙམ་མངོན་འགྱུར་བྱུང་ཐོག་དུས་མཚམས་ཡོངས་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཀོད་པ་གསར་པ་གཞི་རྩའི་ཆ་ནས་ཆགས་ཏེ་འཛམ་གླིང་གི་ཡུལ་སྐོར་དམིགས་ས་ཁུལ་སྐྲུན་པའི་ཕན་འབྲས་རགས་ཙམ་མངོན་ཡོད་པ་རེད།

    2018ལོའི་ཟླ་11ཚེས་1ཉིན་རང་ལྗོངས་ཀྱིས་རེས་སྐོར་གཉིས་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་འགོ་བཙུགས་ཤིང་། བྱེད་སྒོ་སྤེལ་རིང་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་246ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་84.2%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་2.62བྱུང་བ་དེ་དུས་མཚུངས་ལས་41.1%འཕར་སྟེ་འཕར་ཚད་ཡུལ་སྐོར་ལས་རིགས་ཀྱི་མི་སྣ་མང་པོའི་སྔོན་དཔག་ལས་བརྒལ་ཡོད་པ་རེད།

    བོད་དུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བས་ཡུལ་སྐོར་གྱི་སྐྱིད་སྣང་དོད་ཚད་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འགྲིམ་འགྲུལ་དང་ཞབས་ཞུའི་སྒྲིག་བཀོད་ལ་རག་ལུས་ཡོད། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་ཐོགས་མེད་ཡུལ་སྐོར་ཁུལ་གཏོད་རྒྱུ་དམིགས་ཚད་དུ་བྱས་པ་དང“འགྲིམ་འགྲུལ་ཐོགས་མེད”ལ་བརྟེན་ནས་ཡུལ་སྐོར་གྱི་རྨང་གཞིའི་འགྲིམ་འགྲུལ་དྲ་བ་འཐུས་ཚང་དང་། “ཞབས་ཞུ་ཐོགས་མེད”ལ་བརྟེན་ནས་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོར་གཏོང་། “འབྲེལ་གཏུག་ཐོགས་མེད”ལ་བརྟེན་ནས“རིག་ལྡན་ཡུལ་སྐོར”བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ལ་དམིགས་ཏེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མགྱོགས་མྱུར་མཐོ་རུ་བཏང་བ་རེད།

    གནམ་ཐང་5དང་། མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་48 རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ་92བཅས་དམངས་སྤྱོད་མཁའ་འགྲུལ་ལས་རིགས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བར་བརྟེན་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། འབྱུང་འགྱུར་ལོ་5ཡི་རིང་ཉིང་ལག་མཁའ་ལམ་གྱི་གནམ་ཐང་3དང་རྒྱུག་ལམ་གསར་པ་1འཁོར་རྒྱུག་བྱས་ཏེ་ད་ཡོད་གནམ་ཐང་གི་རིག་ལྡན་ཆུ་ཚད་མཐོ་རུ་ཆེས་ཆེར་འགྲོ་རྒྱུ་རེད།

    ལྷ་སའི་འགྲིམ་འགྲུལ་ཐོན་ལས་ཚོགས་པས་འདི་ལོ་མཛེས་ལྗོངས་ཁུལ་གྱི་ཐད་གཏོང་རླངས་འཁོར་ཤར་གཏོང་བྱས་པ་དང“དུས་འགོར་ཐད་གཏོང་རླངས་འཁོར་གྱི་ལམ་ཐིག་6ཤར་གཏོང་བྱེད་རྩིས་ཡོད་ལ། དུས་མཇུག་ཏུ་ལྗོངས་ཡོངས་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་ཁག་གི་སྤུས་རྟགས་ལམ་ཐིག་རིམ་བཞིན་ཤར་གཏོང་བྱ་རྒྱུ་རེད”ཅེས་ལྷ་ས་འགྲིམ་འགྲུལ་ཐོན་ལས་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕུན་ཚོགས་ཚེ་དབང་གིས་ངོ་སྤྲོད་བྱས།

    མིག་སྔར་ཇ་རྟ་གནའ་ལམ་དང་། ཐང་བོད་གནའ་ལམ། ཤིན་བོད་ཡུལ་སྐོར་རིག་གནས་བར་ཁྱམས་བཅས་དང་ཇོ་མོ་གླང་མའི་སྣོད་བཅུད་རིག་གནས་ཡུལ་སྐོར་འཁོར་རྒྱ་དང་། ཡར་ཀླུང་རིག་གནས་ཡུལ་སྐོར་འཁོར་རྒྱ། ཁམས་པའི་རིག་གནས་ཡུལ་སྐོར་འཁོར་རྒྱ། བྱང་རྩྭ་ཐང་གི་རིག་གནས་ཡུལ་སྐོར་འཁོར་རྒྱ། ཞང་ཞུང་རིག་གནས་ཡུལ་སྐོར་འཁོར་རྒྱ་སོགས་ཡུལ་སྐོར་འདུས་འཛོམས་མགྱོགས་མྱུར་གྲུབ་ནས་བོད་དུ་དུས་བཞིར་མཚམས་མི་འཇོག་པ་དང་། གནས་དང་ཁྱོན་ཟུང་འབྲེལ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་དུས་རྟག་ཏུ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།