དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ཞིང་དྭངས་བའི་རི་ཆུའི་མཛེས་ཉམས་མངོན་། ཡར་ཀླུང་ཡུལ་སྐོར་ལས་རིགས་གསོན་ཤུགས་རྒྱས་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-03

    གླེང་གཞི།

    ན་ནིང་། ལྷོ་ཁ་གྲོང་ཁྱེར་དེ་གོ་ལ་ཧྲིལ་པོའི་ཡུལ་སྐོར་དམིགས་སའི་ཁུལ་གྱི་ཚོང་གཉེར་དབུ་ཚོགས་དང་འཛམ་གླིང་རིག་གནས་ཡུལ་སྐོར་ཚོགས་ཆེན་ཐོག“གོ་ལ་ཧྲིལ་པོའི་ལོ་འཁོར་གྱི་ཕྱི་རོལ་ལུས་སྦྱོང་དམིགས་སའི་ཁུལ་ཆེ་གྲས་བཅུ་ཡི་གྲས་སུ”བདམས་པ་དང་། བསམ་ཡས་གྲོང་རྡལ་དེ་དབང་གྲགས་ལྡན་པའི《རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས》ཞེས་པའི་ཡུལ་སྐོར་དུས་དེབ་ཀྱིས་མ་འཇོག་བྱེད་རིན་ཆེན་པོ་ལྡན་པའི་ཡུལ་སྐོར་དམིགས་སའི་ཁུལ་TOP20ལ་བདམས་པ། ཡུལ་སྨད་ཀྱི་ཡུལ་སྐོར་ལམ་ཐིག་དེ་རྒྱལ་ཁབ་ཡུལ་སྐོར་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་མཉམ་སྦྲེལ་ཐོག“2018ལོའི་ཀྲུང་གོའི‘ནུབ་སྐྱོད་བྱ་སྤྱོད’ཀྱི་རང་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་རྩེར་སོན་ཡུལ་སྐོར་ལམ་ཐིག་ཆེ་གྲས་བཅུའི་གྲས་སུ”བདམས་པ་ལ་སོགས་རེད།

    ཁྲོམ་ར་སྔོག་འདོན་བྱས་ཏེ་སྤུས་རྟགས་གཏོད་པ།

    མཚོ་བོད་ས་མཐོའི་ལྷོ་ངོས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་རི་བོ་ཧི་མ་ལ་ཡ་དང་། གངས་ཏི་སི། ཡར་ལུང་གཙང་པོ་བཅས་རྒྱུད་དུ་གནས་ཡོད་པས་ས་དབྱིབས་འགྱུར་ལྡོག་ཆེ་ལ་མཛེས་ལྗོངས་ངོ་མཚར་ཅན་ཞིག་ཡོད། ཇི་ལྟར་བྱས་ཏེ་ཡུལ་སྐོར་ཐོན་རྫས་འགྲུལ་ཁོངས་ཁྲོམ་རར་འོས་སྦྱོར་བྱས་ནས་སྤུས་རྟགས་ཀྱི་ཕན་འབྲས་མཐོ་རུ་གཏོང་རྒྱུ་དེ་ནི་དུས་དང་རྣམ་པ་ཀུན་ཏུ་ཡུལ་སྐོར་སྡེ་ཚན་གྱིས་རྒྱུན་ཆད་མེད་པར་བསམ་གཞིག་བྱེད་པའི་གནད་དོན་ཞིག་རེད།

    དེར་བརྟེན་ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་དང་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དོན་རྐྱེན་གཉེར་ཚོང་ལ་ཤུགས་སྣོན་བརྒྱབ་པ་དང་། “ཕུ་མ་གཡུ་མཚོར་མཉམ་འཛོམས་ཀྱིས། འཁྱགས་རོམ་བླ་མཚོ་མཉམ་རོལ་བྱེད”ཅེས་པའི་པར་རྒྱག་བྱེད་སྒོ་དང་། “མྱུར་བསྐྱོད་དལ་རྒྱུའི”ལྷོ་ཁའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ཚོགས་འདུ། “ཡུལ་སྨད་དུ་བསྐྱོད་པའི”གསར་གཏོད་རྒྱུ་ཆ་འཚོལ་བསྡུ། “ལྔ་གཅིག”ལེགས་པོ་རོང་དུ་བསྐྱོད་ནས་མེ་ཏོག་གི་མཛེས་ལྗོངས་མྱོང་རོལ་བྱེད་པའི་ཡུལ་སྐོར་སོགས་ཆེད་དོན་བྱེད་སྒོ་མང་པོ་ཞིག་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཡུལ་སྐོར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བས་ཡུལ་སྐོར་སྟོབས་ཆེའི་གྲོང་ཁྱེར་སྐྲུན་རྒྱུར་ཡིད་ཆེས་ཀྱིས་ཁེངས་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་ལྷོ་ཁའི་ཡུལ་སྐོར་གཟུགས་བརྙན་གྱི་དྲིལ་བསྒྲགས་པར་གཞི་བསྟན་པ་བརྒྱུད། ཧུའུ་པེ་དང་ཨན་ཧུའེ་ཡི་ཡུལ་སྐོར་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཝུའུ་ཧན་གྲོང་ཁྱེར་དང་ཧོ་ཕེ་གྲོང་ཁྱེར་གྱི་འཁྲུག་ཆ་དོད་པའི་ལམ་དུམ་བུར་འགྲེམས་པང་འཛུགས་པ་དང་། བརྡ་སྦྱོར་བཀལ་ནས“དཔོད་ཕྲན་བརྒྱུད་ལྷོ་ཁར་ཡུལ་སྐོར་བྱེད”ཅེས་པའི་དྲ་རྒྱའི་བྱེད་སྒོ་སྤེལ་འགོ་བཙུགས་པས་སྨྱན་སྦྱོར་དྲིལ་བསྒྲགས་ཀྱི་དབང་ཤུགས་ཆེ་རུ་ཕྱིན་པ་དང་ལྷོ་ཁའི་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ཡོད།

    0501ht4_b.jpg

    ལྗོངས་ཡོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དཔེ་སྟོན་ཁུལ་ཡིན་པའི་ངོས་ནས་སྣོད་བཅུད་སྡོད་མལ་ལ་འཚམ་པ་དང་ཡུལ་སྲོལ་དཔལ་ཡོན་ལྡན་པའི་མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོ་ཕག་རས་ཚོགས་ཆུང་གིས་ཡུལ་སྐོར་བ་མང་པོར་སྣེ་ལེན་ཞུས་ཤིང་། ཁོར་ཡུག་བཅོས་སྒྲིག་ལས་གྲོང་མི་ཚོར་མཛེས་ཤིང་ལྟ་ན་སྡུག་པའི་འཚོ་བའི་ཁོར་ཡུག་བཏོད་པ་མ་ཟད། ད་དུང་ཡོང་འབབ་གསོག་པའི་ཐབས་ལམ་མང་དུ་ཕྱིན་ཡོད། འདི་ལོའི་ཟླ་གསུམ་པ་ནས་བཟུང་ཕག་རས་ཚོགས་ཆུང་དུ་ཉིན་ལྟར་ཡུལ་སྐོར་བའི་རླངས་འཁོར་མང་པོ་ཞིག་ཡོང་ནས་གནས་དེར་བོད་ཀྱི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་ཉམས་ལེན་དང་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་ཀྱི་ཡོད་ཅིང་།

    འདི་ནི་ཡུལ་སྐོར་བས་ཞིང་འབྲོག་པའི་ཁྱིམ་དུ་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་དམངས་སྲོལ་ཡུལ་སྐོར་གྱི་ཚ་རླབས་ཇེ་ཆེར་འཕྱུར་བ་དང་བསྟུན་ནས། ལྷོ་ཁ་གྲོང་ཁྱེར་གྱིས་ཐུམ་རྒྱག་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་སྲོལ་རིག་གནས་ལ་ནང་དོན་གསར་པ་བསྣན་པས། ཡུལ་སྐོར་བ་དེ་བས་མང་བས་བོད་ཁྱིམ་དུ་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཉམས་སུ་མྱོང་བར་ཡོང་རྒྱུའི་ཡིད་དབང་བཀུག་ཅིང་།

    0501ht1_b.jpg

    འདི་ནི་འདི་ལོའི་ཟླ་3པར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་རྨོད་གཉའ་གཅོག་པའི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    0501ht2_b.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྱིས་གཉེར་བའི་པར་རྒྱག་མཁས་ཅན་གྱིས་འཚོ་བར་ཉམས་ལེན་བྱེད་པའི་བྱེད་སྒོར་པར་རྒྱག་མཁས་ཅན་ཞིག་གིས་མང་ཚོགས་པར་རྒྱག་བཞིན་པ།

    གནམ་གཤིས་བརླན་གཤེར་ཆེ་བ་དང་ཁོར་ཡུག་ལྟ་ན་སྡུག་པའི་མཚོ་སྣ་རྫོང་ལེགས་པོ་རོང་མཛེས་ལྗོངས་ཁུལ་དེ་ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡག་ཤོས་སུ་གྱུར་ཞིང་།

    གྲོང་གསེབ་ཡུལ་སྐོར་དར་རྒྱས་ཤུགས་ཆེན་བཏང་བ།

    བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཤིག་ཡིན་པའི་ལྷོ་ཁ་གྲོང་ཁྱེར་ལ་སོ་ནམ་རིག་གནས་ཐད་ལོ་རྒྱུས་ཡུན་རིང་ལྡན་ཡོད།

    སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དང་སྐྱེད་པ་ཤང་གི་གཉའ་གཅོག་དུས་ཆེན་དང་གླིང་གའི་དུས་ཆེན་སོགས་གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་གསེབ་རིག་གནས་ཀྱི་སྤྲོ་གསེང་ཡུལ་སྐོར་ཡིན་ནའང་འདྲ། ཡང་ན་རྒྱ་ཚ་རྫོང་དག་པོའི་སྟར་ཁའི་དུས་ཆེན་དང་གྲ་ནང་རྫོང་གི་ཟུར་མཁར་འབྲི་ཏ་ས་འཛིན་འཐུ་བའི་དུས་ཆེན་སོགས་སྤྲོ་གསེང་ལྟ་སྐོར་ཞིང་ལས་ཡིན་ནའང་འདྲ། གང་ལྟར་གདེང་འཇོག་ཡག་པོ་ཐོབ་པའི་མཚོ་སྣ་རྫོང་ལེགས་པོ་རོང་མཐའ་མཚམས་གྲོང་གསེབ་སྣོད་བཅུད་ཡུལ་སྐོར་བཅས་ཚང་མ་ས་གནས་དེའི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་སྤུ་གྲི་ལྟ་བུ་ཞིག་ཏུ་གྱུར་ཡོད།

    མཚོ་སྣ་རྫོང་ལ་ཆ་མཚོན་ན་མཐའ་མཚམས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་78ལས་ཞུགས་ཐུབ་ནས་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། མག་མག་མོན་པ་མི་རིགས་ཤང་གི“ཞིང་ཁྱིམ་སྤྲོ་སྐྱིད་ཁང”ཁོ་ནར་ལོ་རེར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་100ལྷག་ཙམ་ཡོད་པས་ཤང་ཡོངས་ཀྱི་དུད་ཚང་52ལ་ཆ་སྙོམས་འབབ་འཕར་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་ལ་དམིགས་ཏེ་མ་དངུལ་སྒོར་ཁྲི་48བཏང་ནས་ཁྱད་ལྡན་ཡུལ་སྐོར་ཚོད་ལྟའི་གྲོང་ཚོ་30འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་། “ཞིང་ཁྱིམ་སྤྲོ་སྐྱིད་ཁང”གི་ཡུལ་སྐོར་དབུལ་སྒྲོལ་སྣེ་ཁྲིད་པར་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ། ཡུལ་སྐོར་ཞབས་ཞུ་གདན་དྲངས་པའི་བྱེད་ཐབས་ལ་བརྟེན་ནས་ཡར་འབྲོག་གཡུ་མཚོའི་ཉེ་འཁོར་གྱི་མང་ཚོགས་300ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ། མ་དངུལ་སྒོར་ཁྲི་200བཏང་ནས་ཡར་ལུང་གཙང་པོའི་ལྗོངས་གཟིགས་སྟེགས་བུ་བསྐྲུན་ཏེ་གོང་དཀར་རྫོང་གི་མང་ཚོགས་ཡུལ་སྐོར་གཉེར་སྐྱོང་ནང་ཞུགས་རྒྱུར་སྟབས་བདེ་བསྐྲུན་ཡོད།

    ཞབས་ཞུའི་སྤུས་ཚད་ལེགས་སུ་ཧུར་ཐག་བཏང་བ།

    སྤུས་ལེགས་ཀྱི་ཞབས་ཞུ་ནི་ཡུལ་སྐོར་ལས་རིགས་ཀྱི་སྲོག་ཐིག་ལྟ་བུ་ཡིན་པས། ལྷོ་ཁ་གྲོང་ཁྱེར་གྱིས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡུལ་སྐོར་གྱི་ཞབས་ཞུ་རིམ་སྤོར་དང་ཡུལ་སྐོར་བའི་སྤྲོ་གསེང་ལྟ་སྐོར་གྱི་མྱོང་ཚོར་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ཉམས་མྱོང་མང་པོ་ཞིག་གསོག་འཇོག་བྱས་ཡོད།

    མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ཚད་ལྡན་ཅན་གྱི་སྒོ་ནས་མཐོ་རུ་གཏོང་བའི་ཐད་ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་ཚོད་ལྟར་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱིས་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། གསོལ་མགྲོན་ཁང་རྩེར་སོན་གཏོད་པའི་ཐད་ལྷོ་ཁ་གྲོང་ཁྱེར་གྱིས་རྩེར་སོན་གྱི་འདུ་ཤེས་ལ་བརྟེན་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། 2018ལོར། རྒྱ་ཚ་རྫོང་གི་སི་མའེ་གསོལ་མགྲོན་ཁང་དང་། ལྷུན་རྩེ་རྫོང་གི་གཙང་པོ་གསོལ་མགྲོན་ཁང་སོགས་སྐར་མ་རིམ་པར་རིམ་པ་འཕར་བའི་གསོལ་མགྲོན་ཁང་9དང་སྐར་མ་རིམ་པར་རིམ་པ་འཕར་བའི་ཁྱིམ་ཚང་མགྲོན་ཁང་100ཞིབ་དཔྱད་གཏན་འཁེལ་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་པས། ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཆ་འཕྲིན་ཅན་གྱི་ཞབས་ཞུ་སྤེལ་བའི་ཐད་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས“དཔོད་གཉིས་དང་། དྲ་བ་གཅིག སྔོན་འགོད་གསར་འགྱུར་གཅིག”བཅས་ཀྱི་ཐོག་ཡོངས་བསྒྲགས་བྱས་པའི་ནང་དོན་ཁག་1400ཟིན་པ་དང་། རྒྱ་ཆེའི་ཡུལ་སྐོར་བར་སྤྲོ་གསེང་ལྟ་སྐོར་གྱི་ཆ་འཕྲིན་གསར་ཤོས་དང་མཛའ་བརྩེའི་དྲན་སྐུལ་འཕྲལ་དུ་འོས་སྐྱེལ་བྱས་པར་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཞུང་ཕྱོགས་དཔོད་ཕྲན“@བོད་ལྗོངས་ལྷོ་ཁའི་ཡུལ་སྐོར”དུས་ཡུན་རིང་པོར་སྲིད་དོན་དཔོད་ཕྲན་བོད་ཀྱི་མིང་གྲལ་ནང་གི་ཨང་དང་པོ་ནས་ལྔ་པ་བར་སླེབས་ནས་དཔོད་ཆུང་ལས་སྟེགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་གང་ལེགས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།