དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ན་ནིང་བོད་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3368ལྷག་ཙམ་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-30

     ཉེ་ཆར། གསར་འགོད་པར་2019ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3368.72ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་31.5%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་490.14ཟིན་པ་དེ་དུས་མཚུངས་ལས་29.2%འཕར་ཡོད། རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དེ“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ཀྱི་འཆར་འགོད་དང་དམིགས་ཚད་ལས་འགན་ལས་ལོ་གཉིས་སྔ་ནུར་དུ་ལེགས་གྲུབ་བྱུང་བ་རེད།

    ན་ནིང་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་སྔོན་ཁྲིད་ཐོན་ལས་ཀྱི་ངེས་གནས་ལ་ཧུར་ཐག་དམིགས་ཏེ། “སྤུས་རྟགས་ཡག་པོ་བཏོད་པ་དང་། རྩེར་སོན་ལམ་བུར་སྐྱོད་པ། སྤུས་དག་ཁུལ་ཡག་པོ་འཛུགས་པ། ས་ཁོངས་ཧྲིལ་པོར་ཁྱབ་པ་བྱེད་པ”བཅས་བྱས་པས། ཁུལ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་མི་དམངས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། མང་ཚོགས་ལ་འབབ་འཕར་དང་། མི་རིགས་མཐུན་སྒྲིལ། འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཁྲོད་ཀྱི་ནུས་པ་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་སོང་ཡོད། “དགུན་དུས་བོད་དུ་ཡུལ་སྐོར་ལ་སྐྱོད·སའི་གོ་ལོའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་ཚ་རླབས་འཕྱུར་ནས་དགུན་དུས་བོད་ལ་ཡུལ་སྐོར་དུ་ཡོང་མཁན་མང་དུ་འགྲོ་འགོ་ཚུགས་ལ་དེ་རིམ་བཞིན་བོད་དུ་ཡུལ་སྐོར་ལ་ཡོང་བའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།