དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་བའི་ཉམས་ལེན་གསར་པ། ཕྱུག་འགྱུར་གྱི་གསེར་གྱི་ལྡེ་མིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-28

    ཟླ་བཞི་པར་སྟོད་ལུང་བདེ་ཆེན་ཆུས་ཀྱི“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་ཐོན་ལས་གླིང་གི“མུའུ་ཁྲི་ཡི་མེ་ཏོག་ལྡུམ་ར”ད་དུང་འཇམ་ཐིང་ངེར་གནས།

    ལམ་བུ་གཅིག་གིས་ཆོད་པའི་ཐོན་ལས་གླིང་དུ་གནས་པའི་བདེ་སྐྱིད་བོད་ཁྱིམ་ཁྱད་ལྡན་ཞག་སྡོད་ཁུལ་གྱི་བོད་བཟོའི་ཁང་པ་སྟར་པ་རེ་རེ་སྔོ་ལྗང་ལྗོན་ཤིང་གི་གསེབ་ནས་རབ་རིབ་ཏུ་མངོན་པ་དང་སྣེ་ལེན་ལྟེ་གནས་སུ་ཞག་སྡོད་འགྲོ་ལུགས་གཉེར་མཁན་ཡུལ་སྐོར་བ་མི་ཉུང་བ་ཞིག་འདུག “ད་ཆ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན་སྟབས་ཡུལ་སྐོར་བ་དེ་ཙམ་མང་པོ་མེད་མོད། ང་ཚོས་ཟླ་གོང་མར་མི་ཐེངས་3000ལྷག་ཙམ་ལ་སྣེ་ལེན་ཞུས་པ་ཡིན”ཞེས་བདེ་སྐྱིད་བོད་ཁྱིམ་ཞག་སྡོད་ཁང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཅང་ཞའོ་ལིས་བཤད།

    “རང་ཉིད་ནི་ཚོགས་པ་དང་མཉམ་དུ་བདེ་སྐྱིད་བོད་ཁྱིམ་ཞག་སྡོད་ཁང་དུ་ཡོང་བ་ཡིན། དེ་གར་ཞག་སྡོད་ཆ་རྐྱེན་ཧ་ཅང་ཡག་པོ་འདུག་ལ་ཁང་པའང་བོད་བཟོའི་ཉམས་འགྱུར་དང་དེང་རབས་ཀྱི་མཛེས་བཟོ་ཟུང་དུ་འབྲེལ་བས་ཧ་ཅང་སྐྱིད་སྣང་དོད་པོ་འདུག”ཅེས་བོད་དུ་ཡོང་ཐེངས་དང་པོ་ཡིན་པའི་ལུང་དབྱིང་གིས་བཤད་པ་དང་དུས་ཡུན་གཟའ་འཁོར་གཅིག་རིང་ཁོང་གིས་ཉིང་ཁྲི་དང་། ལྷོ་ཁ། ལྷ་ས་བཅས་ལ་བསྐྱོད་ཡོད། ཁོང་གིས“དེ་གར་གྲོང་ཁྱེར་གྱི་འདུ་འཛི་མེད་པར་བག་ཕེབས་ཀྱི་ཚོར་སྣང་ཞིག་འདུག་ལ་སེམས་ལྷོད་ལ་བབས་ཀྱི་འདུག”ཅེས་བཤད།

    ཅང་ཞའོ་ལིས“ངེད་ཚོ་བདེ་སྐྱིད་བོད་ཁྱིམ་ཞག་སྡོད་ཁང་གི་ཁྱད་ཆོས་ནི་བོད་བཟོའི་ཁང་པར་བསྡད་དེ་བོད་ཟས་བཟའ་བ་དང་སྣ་མང་རང་བཞིན་གྱི་དམངས་སྲོལ་བྱེད་སྒོ་ཉམས་ལེན་བྱ་རྒྱུ་ཡོད་པ་དེས་མགྲོན་པོར་ཐུན་མོང་མ་ཡིན་པའི་ཞག་སྡོད་དང་ཡུལ་སྐོར་ཉམས་ལེན་ཐུབ་ཀྱི་ཡོད”ཅེས་དང་། འདི་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་མཉམ་དུ་འཁེལ་བས་དེ་གར“བདེ་སྐྱིད་བོད་ཁྱིམ་ཞག་སྡོད་ཁང་དུ་བོད་ཀྱི་ལོ་གསར་གཏོང་བའི”བྱེད་སྒོ་སྤེལ་བ་དང་ཟླ་2ཚེས་3ཉིན་ཡུལ་སྐོར་བ་མི་ཐེངས་200ཙམ་ལ་སྣེ་ལེན་ཞུས་ཡོད་ཅེས་བཤད།

    དེ་ནས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཉམས་ལེན་ཐུབ་སྟབས་བདེ་སྐྱིད་བོད་ཁྱིམ་ཞག་སྡོད་ཁང་ལ་ཡུལ་སྐོར་བའི་ཡིད་དབང་འགུགས་པའི་ཡིད་ཆེས་ཆེན་པོ་ཡོད། ཡུལ་སྐོར་ལས་དོན་ཁང་དང་འབྲེལ་བ་བྱས་ཏེ་ཡུལ་སྐོར་ལས་དོན་ཁང་གིས་མགྲོན་པོ་ཁྲིད་ཡོང་བ་དང་དུས་མཚུངས་དྲ་ཐོག་ནས་སྔོན་མངགས་དང་ལེན་བྱས་པར་དེ་གར་ཡུལ་སྐོར་བ་མང་པོ་སླེབས་ཀྱི་ཡོད། མགྲོན་པོ་རྒྱུན་མཐུད་ངང་མང་དུ་ཕྱིན་པའི་དབང་གིས་ཉེ་ཆར་ཚོམས་ཆེན་གྱི་མདུན་དུ་སྣེ་ལེན་ལས་འགན་ཁུར་བའི་འཆི་མེད་བྲེལ་བ་ཆེན་པོ་ཡོད་པ་དང་རྒུ་རུམ་ཤང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ཡིན་པའི་ངོས་ནས་འཆི་མེད་ཀྱིས་བདེ་སྐྱིད་བོད་ཁྱིམ་ཞག་སྡོད་ཁང་དུ་ཞབས་ཞུ་བ་བྱས་པ་ནས་ད་ཆ་ཚོམས་ཆེན་མདུན་གྱི་ལས་འགན་ཁུར་བར་གླ་ཆ་སྒོར་སུམ་སྟོང་ལྷག་ཙམ་ནས་བཞི་སྟོང་ལྷག་ཙམ་བར་འཕར་ཡོད་པ་རེད།

    “དེ་གོང་ངེད་ཚོ་ནང་མི་བདུན་སྨི་ངོས་གྲུ་60ལྷག་ཙམ་ལས་མེད་པའི་གུ་དོག་ལ་གོག་ཧྲུལ་གྱི་ཁང་པའི་ནང་སྡོད་ཀྱི་ཡོད། ད་ཆ་དེ་གར་སྤོས་ནས་ང་ཚོར་ཁང་མིག་5ཡོད་པ་མ་ཟད་ད་དུང་ཚོམས་ཆེན་དང་གསང་སྤྱོད་ཀྱང་ཡོད་པས་དངོས་འབྲེལ་སྐྱིད་པོ་འདུག རང་ཉིད་ལ་ལས་ཀ་ཡོད་སྟབས་ནང་མིའི་ལྟོ་གོས་ཐད་སེམས་ཁྲལ་མི་འདུག་པས་ད་ཆའི་འཚོ་བར་བློ་ཡིད་ཧ་ཅང་ཚིམ་པོ་འདུག”ཅེས་འཆི་མེད་ཀྱིས་དགའ་ཚོར་ཆེན་པོས་བཤད།

    འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་བཙུགས་པའི་རིག་གནས་ཡུལ་སྐོར་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཡིན་པའི་བདེ་སྐྱིད་བོད་ཁྱིམ་ཞག་སྡོད་ཁང་གིས“སྲིད་གཞུང་གིས་གཙོ་ཁྲིད+མཉམ་ལས་ཁང་ཞུགས་པ+ཆེད་ལས་ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པ”བཅས་ཀྱི་བྱེད་ཐབས་སྤྱད་དེ་ཁང་རིན་ཡོང་འབབ་ཁྲོད་ཀྱི་40%ཡུལ་དེའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ལ་སྤྲོད་པ་དང་འབྲེལ་ཡུལ་དེའི་མང་ཚོགས་མང་པོ་ཞིག་ལས་ཀར་བཅུག་ཡོད། “ང་ཚོས་ད་ཆ་གྲོང་ཚོ་དེ་གའི་གྲོང་མི་37གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་30ཚུད་ཡོད། སླད་ཕྱིན་ང་ཚོས་ད་དུང་མི་60ནས་མི་80བར་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྩིས་ཡོད”ཅེས་ཅང་ཞའོ་ལིས་བཤད།

    འཆི་མེད་ཀྱིས“མུའུ་ཁྲི་ཡི་མེ་ཏོག་ལྡུམ་རའི”རྒྱ་སེ་མེ་ཏོག་བཞད་སྐབས་ཡུལ་སྐོར་བ་དེ་བས་མང་བ་འགུགས་རྒྱུ་ཡིན་པས་རང་ཉིད་ཀྱང་ལས་བྲེལ་ཆེན་པོ་ཡོང་ངེས་རེད་ཅེས་བཤད་པ་དང་། ཁོང་གིས་ད་དུང་གསར་འགོད་པ་མེ་ཕུང་སྤོར་ཡུལ་དུ་ཁྲིད་པ་དང་། མེ་ཕུང་སྤར་མ་ཐག་མེ་འོད་འཕྲོས་ནས་ཉེ་འགྲམ་གྱི་ཆུ་བོ་ཡང་དམར་རྐྱང་མངོན་ཞིང་། ཚང་མས་མེ་ཕུང་སྐོར་ནས་གླུ་ལེན་གར་འཁྲབ་ཀྱིས་དགོད་སྒྲ་ལྷང་ལྷང་གྲགས་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།