གནམ་གཤིས་ལྟ་ཞིབ་ཚད་ལེན་ལས་མངོན་པར། ཆར་ཆུ་འབབ་མང་བ་དང་མི་ཐབས་ལ་བརྟེན་ནས་ཆར་པ་འབེབས་མང་དུ་བཏང་བའི་ཐུན་མོང་གི་ཤུགས་རྐྱེན་འོག་2018ལོར། གཙང་གསུམ་ཆུ་འགོའི་ས་ཁུལ་དུ་མཚེའུ་ཡི་རྒྱ་ཁྱོན་ཆེ་རུ་སོང་བ་དང་། སྔོ་ཁེབས་ཁེབས་ཚད་མང་དུ་སོང་བ། ཆུ་རྒྱུན་རྒྱུག་ཚད་ཆེ་རུ་འགྲོ་བ་སོགས་སྣོད་བཅུད་ཁོར་ཡུག་གི་རྣམ་པ་ཡག་པོ་ཞིག་མངོན་ཡོད།
སའི་གོ་ལའི“སྣེ་གསུམ་པའི”མཚོ་བོད་ས་མཐོའི་ལྟེ་བར་གནས་པའི་གཙང་གསུམ་ཆུ་འགོ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་པོ་ཆེན་པོ་གསུམ་གྱི་འབྱུང་ཁུངས་དང་། ཀྲུང་གོ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཆུ་ཐོན་ཡུལ་གལ་ཆེན་ཞིག་རེད།
དབྱེ་ཞིབ་བྱས་པ་ལས་མངོན་པར་གཞིགས་ན། 2018ལོའི་དཔྱིད་ཀ་ཤར་ཚུན། གཙང་གསུམ་ཆུ་འགོ་ས་ཁུལ་དུ་གངས་ཐེས་མང་བབས་པ་དང་། ཆར་ཆུ་འབེལ་བ་དེས་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་གཟན་རྩྭ་སྔོན་པོ་ཆགས་རྒྱུར་ཆ་རྐྱེན་ཡག་པོ་ཞིག་བཏོད་ཡོད། འོན་ཀྱང་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་དམིགས་བསལ་གྱི་ས་གཤིས་གནས་བབ་དང་གནམ་གཤིས་ཀྱི་རྐྱེན་པས་དེའི་ས་ངོས་ཆུའི་ཐོན་ཁུངས་ཀྱི་དུས་དང་བར་སྟོང་ཁྱབ་ཚུལ་ཆ་སྙོམས་པོ་མེད་པ་དང་། ས་ཁོངས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཧ་ཅང་མངོན་གསལ་དོད་པོ་ཡོད། དེར་བརྟེན་ས་ཁུལ་དེར་སྣོད་བཅུད་སླར་གསོ་རྣམ་པའི་མི་ཐབས་ལ་བརྟེན་ནས་ཆར་པ་འབེབས་པའི་ལས་དོན་བསྒྲུབས་ཏེ་ཆར་ཆུ་འབབ་ཚད་སྔར་བས་མང་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་དགོས་གལ་ཧ་ཅང་ཆེན་པོ་ཞིག་རེད།