དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཤེས་དཔལ་ལ་བརྟེན་ནས་གྲོང་ཁྱེར་སྔོ་ལྗང་དུ་འགྱུར་བར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-26

    ཤིང་འཛུགས་ནགས་བཟོ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆ་ཤས་ཤིག་ཡིན་ལ། སྤྱི་དམངས་ཚང་མས་སྒྲུབ་དགོས་པའི་འོས་འགན་ཞིག་ཀྱང་རེད། དཔྱིད་དཔལ་རབ་ཏུ་བཞད་པ་དང་སྐྱེ་དངོས་མཐའ་དག་སྐྱེ་ཚར་བྱུང་ནས་སླར་ཡང་ལོ་གཅིག་གི་དཔྱིད་དུས་སུ་སླེབས། ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད”ཅེས་པ་དང་ཟུང་འབྲེལ་བྱས་ཏེ་སྡེ་ཁུལ་གྱི་ཏང་ཡོན་དང་། ལས་དོན་མི་སྣ། ཡུག་ཁུལ་ཉེན་རྟོག་པ། ལས་དོན་རུ་ཁག་བཅས་སྒྲིག་འཛུགས་བྱས་ཏེ“ཤིང་འཛུགས་ནགས་བཟོ་བྱས་ནས་སློབ་གྲྭ་སྔོ་ལྗང་ཅན་དུ་འགྱུར་བའི”བྱེད་སྒོ་སྤེལ་ཏེ་འོས་འགན་ཤིང་འཛུགས་ཀྱི་རྣམ་པར་བརྟེན་ནས་ལྷ་ས་གྲོང་ཁྱེར་སློབ་ཆུང་གཉིས་པར་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    ཤིང་འཛུགས་ཡུལ་དུ་དང་བླངས་པ་ཚོས་ལྕགས་ཁྱེམ་དང་། རྐོ་མ། ཆུ་ཟོམ་བཅས་འཁྱེར་ནས་འཕྲལ་དུ་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་རེད། ཚང་མས་ཕན་ཚུན་གཞོགས་འདེགས་བྱས་ཏེ་ས་དོང་འདྲུ་བ་དང་། སྡོང་ཕྲུག་འཛུགས་པའམ་ཡང་ན་ས་རྒྱོང་བ་དང་། ཆུ་རྒྱག་པ་སོགས་ཀྱི་ལས་ཀ་ཧུར་ཐག་བྱས་པས་གང་སར་ཚ་ཚ་འུར་འུར་གྱི་ངལ་རྩོལ་རྣམ་པས་ཁེངས་ཡོད། ལྷམ་མཐིལ་དུ་འདམ་རྫབ་འགོས་པ་དང་དཀའ་ལས་ཁག་ནས་རྔུལ་ཆུ་བར་མེད་དུ་འཛག་ཀྱང་གསར་དུ་བཙུགས་པའི་མིག་མདུན་གྱི་སྡོང་ཕྲུག་དེ་དག་མཐོང་སྐབས་ཚང་མའི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།