དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རྩིས་སྤྲད་པའི་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་རྩད་གཅོད་ཀྱི་གནད་དོན་དང་འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-24

    2017ལོའི་ཟླ་8ཚེས་15ནས་ཟླ་9ཚེས་15ཉིན་བར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་སུ་ཕྱོགས་ཡོངས་ནས་གཏིང་ཟབ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྤེལ་བ་དང་ཆབས་ཅིག་2018ལོའི་ཟླ་1ཚེས་3ཉིན་ལྟ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་འབྲེལ་ཡོད་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་རྩད་གཅོད་གནད་དོན་གྱི་ཁུངས་སྣེ་རང་ལྗོངས་ལ་རྩིས་སྤྲད་དེ་སྒྲིག་ཁྲིམས་དང་ཁྲིམས་བཞིན་བརྟག་དཔྱད་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་དག་ཐེར་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་འགན་འཁྲི་རྩད་གཅོད་དང་བདའ་འདེད་ཚོགས་ཆུང་ཆེད་མངགས་བཙུགས་ནས་དག་ཐེར་ལས་དོན་དང་འགན་འཁྲི་རྩད་གཅོད་དང་བདའ་འདེད་ལས་དོན་ཏན་ཏིག་ངང་སྤེལ་ཡོད། རྩིས་སྤྲད་པའི་ཁུངས་སྣེར་དངོས་ཐོག་བདེན་འཚོལ་དང་ལུགས་མཐུན་གཞུང་དྲང་གི་རྩ་དོན་གཞིར་བཟུང་སྒྲིག་ཁྲིམས་དང་བཅའ་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱས་ཡོད། དོན་དངོས་རྩད་ཆོད་གཞིར་བཟུང་དང་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། འགན་འཁྲི་འཁུར་མཁན་83ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། དེའི་ནང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་14དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་39 ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་མི་སྣ་30བཅས་ཡོད་པ་དང་། མི་39ལ་ཏང་ཁྲིམས་སྲིད་དོན་གྱི་ཆད་པ་བཅད་པ་དང་། མི་43ལ་ཁ་ཏ་བསླབ་འདོམས་བྱས་པ།

     དེ་མིན་མི་1ཐག་གཅོད་བྱས་ཡོད། ད་ལྟ་འབྲེལ་ཡོད་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

    གཅིག ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་ཐད་ཀར་འབུད་པའི་གནད་དོན་སྐོར།

    ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་སྟག་རྩེ་རྫོང(ད་ལྟའི་སྟག་རྩེ་ཆུས)སྲིད་གཞུང་དང་སྟག་རྩེ་བཟོ་ལས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་། བཙོག་ཆུ་གཙང་གསིང་སྒྲིག་བཀོད་དང་ལེ་ལག་ཚང་བའི་མདོང་ལམ་དྲ་བ་འཛུགས་སྐྲུན་རྗེས་ལུས་ཚབས་ཆེན་ཐེབས་ནས་བཙོག་ཆུ་འབོར་ཆེན་ཐད་ཀར་འབུད་ཀྱི་ཡོད། དེ་སྔའི་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང(ད་ལྟའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐིང)གིས་མིང་སྦྱར་སྒྲུབ་སྐུལ་ཕྱིར་འཐེན་ལས་དོན་ནན་པོ་དང་ཏན་ཏིག་བྱུང་མེད་པ་དང་ལས་དོན་འགན་འཛོལ་འགན་ཤོར་བྱུང་ཡོད།

    འབྲེལ་ཡོད་གཏན་འབེབས་དང་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། སྟག་རྩེ་ཆུས་ཀྱི་ཆུས་ཀྲང་གཞོན་པ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཝུའེ་ལ་སྲིད་དོན་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། སྟག་རྩེ་ཆུས་བཟོ་ལས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲུའུ་རེན་ཝང་པིང་ཀྲུང་ལ་སྲིད་དོན་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། སྟག་རྩེ་ཆུས་བཟོ་ལས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏེང་ཧྲོང་ལ་སྲིད་དོན་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད། དེ་མིན་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་1དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་2ལ་དྲན་སྐུལ་སློབ་གསོ་བརྒྱབ་ཡོད།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང(ད་ལྟའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐིང)གིས་སྟག་རྩེ་བཟོ་ལས་གླིང་བཙོག་ཆུ་གཙང་གསིང་བཟོ་གྲྭ་སྐྲུན་འགོ་མ་ཚུགས་པའི་གནས་ཚུལ་འོག་དག་ཐེར་ལས་འགན་སྤྱིར་ན་ལེགས་གྲུབ་ཟིན་པའི་ངོས་འཛིན་བྱས་པ་དང་སྦྲགས་སྒོ་བྱང་འབེབས་རྒྱུའི་གྲོས་འགོ་བཏོན་པས་མིང་སྦྱར་སྒྲུབ་སྐུལ་ཕྱིར་འཐེན་ལས་དོན་ནན་པོ་དང་ཏན་ཏིག་བྱུང་མེད་པ་དང་འགན་འཛོལ་དང་འགན་ཤོར་གྱི་གནས་ཚུལ་ཐོན་ཡོད། དེར་བརྟེན་སྣོད་བཅུད་ཁོར་ཡུག་ཐིང་གི་ཏང་ཙུའུ་ལ་བརྡ་ཁྱབ་སྐྱོན་བརྗོད་བྱས་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་ཁུལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་དང་ལེ་ལག་ཚང་བའི་མདོང་ལམ་དྲ་བ་འཛུགས་སྐྲུན་རྗེས་ལུས་ཚབས་ཆེན་ཐེབས་ནས་བཙོག་ཆུ་འབོར་ཆེན་ཐད་ཀར་འབུད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ་མ་ཟད། ད་དུང་རང་སྐྱོང་ལྗོངས་ཀྱི་མིང་སྦྱར་སྒྲུབ་སྐུལ་དག་ཐེར་དོན་གནད་དོན་འཁྱོལ་བྱེད་རིང་དག་ཐེར་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་འགོར་པོ་བྱུང་ཡོད། དེར་བརྟེན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་གཏིང་ཟབ་བྱེད་དགོས་པའི་འགན་དཀྲིས་ཡོད།

    གཉིས། ཉིང་ཁྲི་གྲོང་ཁྱེར་བྲག་ཕྱི་ཆུ་རྒྱུག་ཁོངས་སུ་ནགས་ས་སྒྲིག་འགལ་བཟུང་སྤྱོད་གསར་སྤེལ་བྱས་པའི་གནད་དོན་སྐོར།

    1.ཉིང་ཁྲི་གྲོང་ཁྱེར་བྲག་ཕྱི་ཆུ་རྒྱུག་ཁོངས་ཀྱི་འཁྱགས་མཚོའི་རིམ་གསུམ་གློག་ཁང་ལ་སྒྲིག་འགལ་ཞིབ་མཆན་བཀོད་པའི་གནད་དོན་ཡོད། 2016ལོར། ཉིང་ཁྲི་དབྱི་ཡེ་ཆུ་གློག་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིས་བྲག་ཕྱི་ཆུ་རྒྱུག་ཁོངས་སུ་རིམ་གསུམ་གློག་ཁང་བསྐྲུན་ཆེད་བྲག་ཡིབ་ཆུས་ནགས་ལས་ཅུས་ལ་ནགས་ས་བེད་སྤྱོད་བྱེད་རྩིས་ཡོད་པའི་དགོངས་སྐོར་ཞུས་པ་རེད། དེའི་ནང་། ནགས་ཁུལ་ཁག་གཅིག་རིམ་པ་སྒྱུར་བ་དང་འབྲེལ་བ་ཡོད་པ་དང་། བྲག་ཡིབ་ཆུས་ནགས་ལས་ཅུས་ཀྱིས་ཞིབ་བཤེར་ནན་ཏན་མ་བྱས་པ་དང་སྤྱི་ཕན་ནགས་ས་དང་སྲུང་སྐྱོང་ནགས་ས་དབྱེ་འབྱེད་མ་ཐུབ་པའི་གནས་ཚུལ་འོག་ནོར་འཁྲུལ་གྱི་སྒོ་ནས་སྲུང་སྐྱོང་ནགས་སའི་རིམ་པ་དེ་སྤྱི་ཕན་ནགས་སའི་རིམ་པར་སྒྱུར་བའི་མིང་ཐོག་ནས་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་ལ་རེ་ཞུ་དཔྱད་ཡིག་གོང་འབུལ་བྱས་པ་དང་། བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་ཀྲུའུ་རེན་གྱིས་འབྲེལ་ཡོད་འགོ་ཁྲིད་ཀྱི་མཆན་འགོད་ཆོག་མཆན་མེད་པའི་གནས་ཚུལ་འོག་སྒྲིག་འགལ་ངང་རིམ་པ་སྒྱུར་བའི་མཆན་བཀོད་བཀའ་ལན་བཏང་ནས་ཤུགས་རྐྱེན་ངན་པ་བཟོས་ཡོད།

    འབྲེལ་ཡོད་གཏན་འབེབས་དང་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། བྲག་ཡིབ་ཆུས་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཆུས་ཀྲང་གཞོན་པ་ཤང་ཅུན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་ཀྲུའུ་རེན་ཉི་མ་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་ཡོད། དེ་མིན་ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་གཅིག་ལ་དྲན་སྐུལ་སློབ་གསོ་བརྒྱབ་ཡོད།

    2.ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཕྱི་ཆུ་རྒྱུག་ཁོངས་སུ་འཁྱགས་མཚོའི་རིམ་ལྔའི་གློག་འདོན་ས་ཚིགས་ལ་སྒྲིག་འགལ་ངང་ཞིབ་མཆན་བཀོད་པའི་གནད་དོན་ཡོད། 2012ལོའི་ཟླ་དང་པོར། ཉིང་ཁྲི་གྲོང་ཁྱེར་གྱི་སྤྲེལ་རྒྱལ་གནས་རི་སྤྱི་གླིང་དེ་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་གི་ཁོངས་སུ་བཅུག་ཡོད། 2015ལོའི་ཟླ་གཉིས་པར། སྤྲེལ་རྒྱལ་གནས་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་སྤྱིའི་འཆར་འགོད་ལ་མཆན་འགོད་བཀའ་ལན་ཐོབ་ཡོད། དེའི་རིང་། 2012ལོའི་ཟླ་7པ་ནས་2013ལོའི་ཟླ་10པའི་བར། རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང(ད་ལྟའི་རང་བྱུང་ཐོན་ཁུངས་ཐིང)དང་། ཁོར་ཡུག་སྲུང་སྐྱོང་ཐིང(ད་ལྟའི་སྣོད་བཅུད་ཁོར་ཡུག་ཐིང) ཉིང་ཁྲི་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་བཅས་ཀྱིས་སྤྲེལ་རྒྱལ་གནས་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་སྤྱིའི་འཆར་འགོད་ལ་མཆན་འགོད་བཀའ་ལན་མ་ཐོབ་གོང་། སྒྲིག་འགལ་ངང་བྲག་ཆུ་རྒྱུག་ཁོངས་སུ་ཆུ་གློག་གསར་སྤེལ་འཆར་འགོད་ཁྲོད་ཀྱི་འཁྱགས་མཚོའི་རིམ་ལྔའི་ཆུ་གློག་ས་ཚིགས་ཀྱི་འབྲེལ་ཡོད་ཞིབ་མཆན་འགྲོ་ལུགས་གཉེར་ནས་ཤུགས་རྐྱེན་ངན་པ་བཟོས་ཡོད།

    འབྲེལ་ཡོད་གཏན་འབེབས་དང་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང(ད་ལྟའི་རང་བྱུང་ཐོན་ཁུངས་ཐིང)གི་སྐོར་གཟིགས་པ་གཞོན་པ་ལི་ཡ་ཅུན(སྐབས་དེ་དུས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་རྨོ་ཞིང་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར་བ)ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཞུའེ་ཅུན(སྐབས་དེ་དུས་ཉིང་ཁྲི་ས་ཁུལ་སྤྲེལ་རྒྱལ་གནས་རི་ནགས་ཚལ་སྤྱི་གླིང་དོ་དམ་ཁྲུའི་ཀྲུའུ་རེན་གྱི་འགན་ཁུར་བ)ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད། དེ་མིན་གྱི་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་1དང་རྫོང་དང་དང་ཁྲུའུ་རིམ་པའི་ལས་བྱེད་པ་3ལ་དྲན་སྐུལ་སློབ་གསོ་བརྒྱབ་ཡོད།

    གསུམ། ནག་ཆུ་གྲོང་ཁྱེར་གྱི་འཛུགས་སྐྲུན་ཐལ་རྡུལ་སྦགས་བཙོག་གིས་ས་ཁོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ཞན་དུ་ཕྱིན་པའི་གནད་དོན་སྐོར།

    2015ལོ་ནས་2016ལོ་བར། དེ་སྔའི་ནག་ཆུ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་དུ་གཞི་ཁྱོན་ཆེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱས་པས་ཐལ་རྡུལ་སྦགས་བཙོག་གི་གནད་དོན་མངོན་གསལ་དོད་པོ་ཡོད། ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་ཚད་ལོ་རེ་བཞིན་ཆག་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མིང་སྦྱར་སྒྲུབ་སྐུལ་བྱེད་དུ་བཅུག་ཡོད། ནག་ཆུ་ས་ཁུལ་གྱིས་དེའི་ཐད་མཐོང་ཆེན་བྱེད་ཚད་མི་འདང་བ་དང་། 2015ལོ་དང་2016ལོར་འཚོགས་པའི་ཀྲོན་ཡོན་གྱི་གཞུང་ལས་ཚོགས་འདུ་དང་ཆེད་དོན་གཞུང་ལས་ཚོགས་འདུའི་ཐོག་དེའི་སྐོར་ལ་ཞིབ་འཇུག་བྱས་མེད། ནག་ཆུ་ས་ཁུལ་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་2014ལོའི་ཟླ་9པར་བཙུགས་པ་ནས་2016ལོའི་ཟླ་10པའི་བར་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱས་མེད་པའི་རྐྱེན་གྱིས་གནད་དོན་དེ་ཡུན་རིང་ཐག་གཅོད་ཐུབ་མེད། 2017ལོའི་གོང་། སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་འཛུགས་སྐྲུན་ཨར་ལས་ཀྱི་ཐལ་རྡུལ་སྦགས་བཙོག་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱས་མེད་པ་དང་། 2016ལོའི་གོང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་སྲིད་འཛིན་ཀུང་ཧྲུའུ་ལ་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལས་དོན་སྐོར་གྱི་གནས་ཚུལ་སྙན་སེང་ཞུས་མེད།

    འབྲེལ་ཡོད་གཏན་འབེབས་དང་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། སྐབས་དེ་དུས་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པའི་འགན་ཁུར་མཁན་བཀྲ་རྒྱལ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། ནག་ཆུ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་སྤུས་ཚད་ལྟ་སྐུལ་ས་ཚིགས་ཀྱི་འགན་ཁུར་བ་ཆོས་མཚོར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། ནག་ཆུ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་བཀྲ་ཤིས(སྐབས་དེ་དུས་ནག་ཆུ་ས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཁོར་ཡུག་ལྟ་བཤེར་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གྱི་འགན་ཁུར་བ) ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད།

    བཞི། ནག་ཆུ་གྲོང་ཁྱེར་གྱིས་གཞུང་ལམ་འཛུཌ་སྐྲུན་བྱེད་རིང་གི་ཁོར་ཡུག་ཁྲིམས་འགལ་གྱི་གནད་དོན་སྐོར།

    1.ནག་ཆུ་གྲོང་ཁྱེར་གྱི་སྒྲིག་འགལ་ཐབས་ཇུས་ཀྱི་གནད་དོན་སྐོར། 2015ལོའི་ཟླ་དགུ་པར། ཚ་ལ་རབ(G317)ནས་མཚོ་གཉིས་རྫོང་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་འཕེལ་རིམ་མགྱོགས་སུ་གཏོང་ཆེད། རྒྱལ་ཁབ་ས་ཆ་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ཞིབ་མཆན་འགྲོ་ལུགས་མ་བརྒྱུད་པའི་གནས་ཚུལ་འོག་དེ་སྔའི་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས་རྣམ་གྲངས་ཀྱི་ལེ་ལག་ཚང་བའི་བྱེ་རྡོ་ར་བ31ཙམ“འཛུགས་སྐྲུན་རིང་། གོང་གི་ཆོག་མཆན་ཞུ་བ་དང་། ཆོག་མཆན་ཐོབ་ནས་སྒྲུབ་གཉེར་བྱ་རྒྱུའི”མོས་མཐུན་བྱས་ཡོད།

    འབྲེལ་ཡོད་གཏན་འབེབས་དང་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། ནག་ཆུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དབྱང་ཏུང་ཧྲེང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། དེ་མིན་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་3དང་ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་1ལ་དྲན་སྐུལ་སློབ་གསོ་བརྒྱབ་ཡོད།

    2.ནག་ཆུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྣམ་གྲངས་ལ“ཞིབ་མཆན་མ་ཐོབ་གོང་སྔོན་ལ་སྐྲུན་པ”སོགས་ཀྱི་གནད་དོན། ནག་ཆུའི་གཞུང་ལམ་འཛུགས་སྐྲུན་བྱེད་རིང་། “ཞིབ་མཆན་མ་ཐོབ་གོང་སྔོན་ལ་འཛུགས་སྐྲུན་བྱས་པའི”གནད་དོན་མངོན་གསལ་དོད་ཅིང་། དེ་སྔའི་ནག་ཆུ་ས་ཁུལ་འགྲིམ་འགྲུལ་ཅུས་དང་། ནགས་ལས་ཅུས། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས། ཆུ་བེད་ཅུས། དཔལ་མགོན། ཤན་རྩ། ཉི་མ་སོགས་རྫོང་གསུམ་གྱི་ཁོར་ཡུག་སྲུང་སྐྱོང་ཅུས་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས་སོགས་ཚན་པས་ལྟ་འདོམས་ཀྱི་འགན་འཁྲི་ཡག་པོ་ཁུར་མེད། ནག་ཆུའི་མར་ཡོ་ཤང་ནས་S208གསུམ་བརྒྱད་གཉིས་ཟམ་ཆེན་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་གཙོ་འགན་འཁུར་མཁན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་འགྲིམ་འགྲུལ་མ་འཇོག་ཚད་ཡོད་ཀུང་སིས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་ཡག་པོ་ཁུར་མེད།

    འབྲེལ་ཡོད་གཏན་འབེབས་དང་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། ནག་ཆུ་གྲོང་ཁྱེར་འགྲིམ་འགྲུལ་ཅུས་རྣམ་གྲངས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲུའུ་ལི་ཅང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། བོད་ལྗོངས་འགྲིམ་འགྲུལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་འཐབ་ཇུས་མ་འཇོག་པུའི་ཅིང་ལི་ནག་ཆུའི་མར་ཡོ་ཤང་ནས་S208གསུམ་བརྒྱད་གཉིས་ཟམ་ཆེན་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་བཀོད་འདོམས་པ་ཕིང་ཤིང་ལ་སྲིད་དོན་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད། དེ་མིན་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་4དང་ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་7ལ་དྲན་སྐུལ་སློབ་གསོ་བརྒྱབ་ཡོད།

    ལྔ། ས་ཁུལ(གྲོང་ཁྱེར)གསུམ་གྱིས་ཡིག་ཆ་རྫུས་མ་བཟོས་ནས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ལ་ཁ་གཏད་གཅོག་པའི་གནད་དོན་སྐོར།

    2017ལོའི་ཟླ་8པ་ནས་9པའི་བར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་ལྗོངས་མངའ་རིས་ས་ཁུལ་དང་། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར(དེ་སྔའི་ནག་ཆུ་ས་ཁུལ)བཅས་ལ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱས་པ་དང་ས་ཁུལ་དང་གྲོང་ཁྱེར་དེ་གསུམ་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་ཁ་གཏད་གཅོག་ཆེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སློབ་སྦྱོང་ཞིབ་འཇུག་བཀོད་སྒྲིག་གི་འབྲེལ་ཡོད་ཚོགས་འདུའི་ཟིན་བྲིས་གནད་བསྡུས་སམ་ཡང་ན་མཆན་བཀོད་མཛུབ་སྟོན་རྫུས་མ་བཟོས་ནས་ཤུགས་རྐྱེན་ངན་པ་བཟོས་ཡོད།

    འབྲེལ་ཡོད་གཏན་འབེབས་དང་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ཧུའེ་མིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡན་གཞོན་པ་ཡོན་ཧྥུའུ་གོ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། མངའ་རིས་ས་ཨུད་ཀྱི་དྲུང་ཆེ་གཞོན་པ་ལིའུ་ཞའོ་ཁྲུན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། མངའ་རིས་ས་ཁུལ་སྲིད་འཛིན་ཀྲུང་ཧྲུའུ་ཡི་རྒྱུན་ལས་དྲུང་ཆེ་གཞོན་པ་ཀྲང་ཁྲེང་ལེང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། མངའ་རིས་ས་ཁུལ་སྲིད་འཛིན་ཀྲུང་ཧྲུའུ་ཡི་དྲུང་ཆེ་གཞོན་པ་ཚེ་རིང་བསམ་གྲུབ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གཞུང་དོན་ཁང་གི་དྲུང་ཡིག་ཁོའོ་དང་པོའི་ཁོའོ་ཀྲང་ཁྲེན་ཤོན་ཀྲེང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད།

    ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཞུས་ལུང་ཧའེ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དྲུང་ཆེ་ཅིང་ཐའོ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཨན་ལའེ་ཐན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་ཡོད།

    ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང(སྐབས་དེ་དུས་ནག་ཆུ་ས་ཨུད་ཀྱི་དྲུང་ཆེའི་འགན་ཁུར་བ)ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་བཀྲ་རྣམ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། ནག་ཆུ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གཞོན་པ་ཁྲེན་ཀོང་ཐོན(དེ་དུས་ནག་ཆུ་ས་ཨུད་ཀྱི་དྲུང་ཆེ་གཞོན་པའི་འགན་ཁུར་བ)ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། ནག་ཆུ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཟླ་བ་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་ཡོད།

    བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་དང་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཐོག་ཏུ་མཐའ་གཅིག་ཏུ་འཁུར་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་འགན་འཁྲི་གཅིག་མཚུངས”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྲིད་འཛིན་ས་ཁོངས་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་དང་དེ་བཞིན་སྣོད་བཅུད་སྤུས་ཚད་ལ་འགན་ཡོངས་སུ་འཁུར་བ་དང་། འགན་འཁུར་བ་གཙོ་བོ་ནི་འགན་འཁུར་མཁན་ཨང་དང་པོ་ཡིན་པས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པའི་མཐོ་ཚད་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཐབས་དང་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཉིད་ལས་དོན་གྱི་སྤྱི་ཡོངས་ཀྱི་གལ་ཆེའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱེད་པ་བཅས་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་ཁུལ་དང་གྲོང་ཁྱེར་གྱི་ཁོར་ཡུག་ལྟ་བཤེར་གྱི་ཆེད་དོན་ལམ་ལུགས་འཛུགས་པ། ལྟ་བཤེར་དང་། བསྒྲུབ་རྒྱུར་སྤྲོད་པ། སྐོར་ཞིབ། སྐོང་འདྲི་སོགས་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་བཀག་སྡོམ་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱག་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་དཔྱད་ཞིབ་བྱས་འབྲས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་བྱ་དགའ་ཆད་གཅོད་དང་གོ་གནས་བསྐོ་འཐེན་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། རིམ་ཁག་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དམ་པོར་དམིགས་པ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཞན་པ་དང་སྣོད་བཅུད་ཁོར་ཡུག་གནད་དོན་རྒྱབ་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་བཅས་བྱས་ནས་སྒྲིག་ཁྲིམས་ནན་པོར་བརྟེན་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇཌ་སྲུང་ཡོལ་བརྟན་དུ་གཏོང་དགོས།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

    2019ལོའི་ཟླ་4ཚེས་22ཉིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།