ཉེ་ཆར། སྣོད་བཅུད་ཁོར་ཡུག་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་མཉམ་དུ《“མཛེས་སྡུག་ལྡན་པའི་ཀྲུང་གོ ང་ནི་ལག་ལེན་པ་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཡག་ཤོས་འོས་འདེམས་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
“མཛེས་སྡུག་ལྡན་པའི་ཀྲུང་གོ ང་ནི་ལག་ལེན་པ་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་དེ་2018ལོའི་ཟླ་6ཚེས་5ཉིན་གྱི་འཛམ་གླིང་ཁོར་ཡུག་ཉིན་མོར་སྤེལ་འགོ་ཚུགས་པ་དང་། ཉེ་བའི་ལོ་གཅིག་རིང་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཏུ་དར་ཁྱབ་བྱུང་ནས་རྣམ་པ་ནས་ནང་དོན་བར་ངོ་མཚར་མངོན་པ་དང་། ཐེ་ཞུགས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གསོན་ཉམས་ལྡན་པའི་དཔེ་མཚོན་མང་པོ་ཞིག་མངོན་པ། ལེགས་སྐྱེས་དང་། དགའ་གཅེས། རོགས་རེས། ཡར་རྒྱས་བཅས་གཞི་གཅིག་ཅན་གྱི་དང་བླངས་པའི་སྙིང་སྟོབས་དང་ལག་ལེན་འབོར་ཆེན་ཞིག་ཐོན་པ་རེད།
“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ལས་ཡིན”ཅེས་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་ཚེ་གང་རིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཞིག་བྱེད་པར་ཐུག་ཡོད།
དཔེ་མཚོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་དམངས་ཀྱི་ཞུགས་སེམས་དང་སྤྲོ་སེམས་ཆེ་རུ་གཏོང་བ་དང་སྣོད་བཅུད་ཀྱི་ཀུན་སྤྱོད་སྐྱེད་སྲིང་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་ཞིག་གཏོད་ཆེད། སྣོད་བཅུད་ཁོར་ཡུག་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་གཞི་རིམ་ནས་འོས་འདེམས་བྱེད་པ་དང་། སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་པ། རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཡུན་རིང་སྒྲིག་འཛུགས་ཧུར་ཐག་བྱེད་པའམ་ཡང་ན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་བྱེད་སྒོར་ཞུགས་མཁན་གྱི་ཕུལ་བྱུང་དང་བླངས་པ་བརྒྱ་བདམས་ཏེ“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཡག་ཤོས”ཀྱི་མཚན་སྙན་སྤྲད་པ་དང་། ཟླ་6ཚེས་5ཉིན་གྱི་འཛམ་གླིང་ཁོར་ཡུག་ཉིན་མོར་སྤྱི་ཚོགས་ལ་མཚན་ཐོ་ཡོངས་བསྒྲགས་བྱས་པ་མ་ཟད། ཕུལ་བྱུང་གི་འཐུས་མི་2019ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོར་གདན་འདྲེན་ཞུ་མཁན་རེད།
པུའུ་ཨུད་གཉིས་ཀྱིས་བཀོད་སྒྲིག་བྱས་པའི2019ལོའི“མཛེས་སྡུག་ལྡན་པའི་ཀྲུང་གོ ང་ནི་ལག་ལེན་པ་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པའི་ནང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་པར་རྒྱག་དང་ཡིག་རིས་འགྲན་བསྡུར་སོགས་གཉེར་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འགྲེམས་སྟོན་བྱེད་པ་དང་སྣོད་བཅུད་རིག་གནས་དར་སྤེལ་བཏང་སྟེ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ལས་ཡིན”ཅེས་པའི་ཕུན་སུམ་ཚོགས་པའི་ནང་དོན་ལ་འགྲེལ་བཤད་རྒྱག་རྒྱུ་ཚུད་ཡོད། ཕུལ་བྱུང་བརྩམས་ཆོས་དེ་དག་འཛམ་གླིང་ཁོར་ཡུག་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་གཙོ་བོར་འགྲེམས་སྟོན་བྱ་རྒྱུ་རེད།