དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་སུ་ནགས་ཚལ་ཁྱབ་ཚད་12.14%བར་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-27

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་བོད་ཀྱིས་རང་བྱུང་ཤིང་ནགས་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། བྱེ་འགོག་བྱེ་བཅོས་སོགས་ནགས་ལས་ཀྱི་གཙོ་གནད་ལས་གྲྭ་ལག་ལེན་བསྟར་བ་བརྒྱུད། ནགས་ཚལ་ཁྱབ་ཚད་12.14%བར་མཐོ་རུ་ཕྱིན་པ་རེད། 

    ངོ་སྤྲོད་བྱས་པར་གཞིགས་ན། ས་བབ་མཐོ་ཚད་སྨི་4000ནི་ས་བབ་མཐོ་བའི་ཁུལ་དུ་ལྗོན་ཤིང(ལོ་ཕྲ་ཤིང)སྐྱེ་འཚར་ཐུབ་པའི་ས་བབ་མཐོ་ཤོས་དེ་རེད། ཉེ་བའི་ལོ་གཉིས་ནང་བོད་ཀྱིས“ནགས་ཚལ་མེད་པའི་ཤང་དང་གྲོང་རྡལ་དང་། ནགས་ཚལ་མེད་པའི་གྲོང་ཚོ་དང་ཚོགས་ཆུང་། སྔོ་ཁེབས་མེད་པའི་སྒོ་ར། ལྗོན་ཤིང་མེད་པའི་ཞིང་དུད། ལྗོན་ཤིང་མེད་ཁུལ་བཅས”ཀྱི“མེད་པ་བཟོ་བ་ལྔའི”བྱ་སྤྱོད་ཤུགས་ཆེན་སྤེལ་ཞིང་། མིག་སྔར་ས་བབ་མཐོ་ཚད་སྨི་4300མན་གྱི་ས་ཁུལ་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ”863དང་། “ལྗོན་ཤིང་མེད་པའི་དུད་ཚང”ཁྲི་8.32མེད་པ་བཟོས་ཟིན་པ་དེས་མེད་པ་བཟོ་བའི་འཆར་གཞིའི་80%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།