དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-26

    མིག་སྔར་ཉིང་ཁྲི་གྲོང་ཁྱེར་དུ་སྐྱེ་འཚར་ཡོང་བཞིན་པའི་ལྗོན་ཤིང་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་13.61ཟིན་པ་དང་། ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་653.79ཟིན་པ། ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་543.6ཟིན་པ་བཅས་ནི་2002ལོའི“ལེགས་སྒྲིག་གཅིག”གི་བསྡོམས་རྩིས་གྲངས་གཞི་ལས་སོ་སོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1.61དང་། སྤྱི་ཆིང་ཁྲི་48.79 སྤྱི་ཆིང་ཁྲི་98.3བཅས་འཕར་བ་དང་དུས་མཚུངས། རིམ་རྩིས་བྱས་ན། རྣམ་གྲངས་ལ་་མ་དངུལ་སྒོར་དུང་ཕྱུར་8.64བཏང་ཟིན་པ་དང་། སྣོད་བཅུད་སྤྱི་ཕན་ནགས་ཚལ་གྱི་ནགས་སྲུང་བར་མ་དངུལ་སྒོར་དུང་ཕྱུར་2.164བཏང་བའི་རྣམ་གྲངས་གཅིག་པུས་ཞིང་འབྲོག་མང་ཚོགས་མི་རེར་ཆ་སྙོམས་ལོར་འབབ་འཕར་སྒོར་1547བྱུང་བར་སྐུལ་མ་ཐེབས་པ།

    A  གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ།

    རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱེད་པ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་གི་གཞི་རྩ་ཡིན་ལ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་རྨང་གཞི་ཞིག་ཀྱང་རེད།

    2018ལོར་ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་ཀྱིས་ནགས་ཚལ་གྲོང་ཁྱེར་སྐྲུན་པའི་རྒྱལ་ཁབ་ཀྱི་དམིགས་ཚད་གཞིར་བཟུང་། རྣམ་གྲངས་འཛུགས་སྐྲུན་གྱིས་སྐུལ་འདེད་གཏོང་ཤུགས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་དང་། ཐང་རྒོད་སྔོ་འགྱུར། འགྲོ་ལམ་སྔོ་འགྱུར་བཅས་མགྱོགས་སུ་བཏང་ནས་གྲོང་ཁྱེར་གྱི་སྔོ་འགྱུར་དང་མཛེས་བཟོ་ཚན་པ་དང་། སློབ་གྲྭ དམག་སྒར། སྡེ་ཁུལ། ཁྱིམ་ཚང་། དགོན་སྡེ་བཅས་སུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ནས“ལྗོན་ཤིང་མེད་པའི་གྲོང་ཚོ་དང་། ལྗོན་ཤིང་མེད་པའི་དུད་ཚང་། ལྗོན་ཤིང་མེད་པའི་དགོན་སྡེ”བཅས་མེད་པའི་ཤིང་འཛུགས་ཀྱི་སྟོང་ཆ་གསབ་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་མ་ཐེབས་ཡོད། ལོ་ཧྲིལ་པོར་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི་4.64བྱས་པ་དང་། སྡོང་ཕྲུག་ར་བ་10གསར་སྐྲུན་དང་རྒྱས་སྐྲུན་བསྐྱར་སྐྲུན་བྱས་པ། གྲོང་ཁྱེར་ཡོངས་ཀྱི་ཤིང་སོན་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་1ཡན་ཟིན་པ། སྔོ་འགྱུར་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བཅས་ལས་སྔོ་འགྱུར་མཛེས་བཟོ་དང་། ཡུལ་སྐོར་ལ་སྐུལ་གཏོང་། སྣོད་བཅུད་ལེགས་གཏོང་། དམངས་ཀྱི་འབབ་འཕར་ལ་སྐུལ་གཏོང་བཅས་ཀྱི“ཕྱོགས་བཞི་གཞི་གཅིག”འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད།

    B ནགས་ཚལ་གྱི་ཐོན་ཁུངས་སྔར་བས་བདེ་འཇགས་ཡོང་བར་བྱས་པ།

    ཉིང་ཁྲིའི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་གི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནགས་ཚལ་གྱི་གནོད་འཚེའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཏེ་ནགས་ཚལ་གྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་འགུལ་ལམ་སྲོལ་ཞིག་སྔར་བས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་དུ་ཆེད་མངགས་ནགས་སྲུང་བ་3301དང་། ཆེད་ལས་ནགས་སྲུང་རུ་ཁག་52དང་མི་གྲངས་300 མང་ཚོགས་ཀྱི་ནགས་སྲུང་བ་ཁྲི་12 གྲོང་ཚོའི་མེ་གསོད་འཕྲལ་སྒྲུབ་རུ་ཁག་325དང་མི་གྲངས་ཁྲི་1.7བཅས་ཡོད་པ་རེད།

    དེ་དང་ཕྱོགས་མཚུངས་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་གྱི་ཁྲིམས་འཛིན་ལྟ་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་སྔོ་འགྱུར་གྱི་ཕན་འབྲས་སྲུང་སྐྱོང་བྱས་ཡོད། ས་འབྲེལ་ནགས་ཁུལ་གྱི་ཉེན་རྟོག་ལས་དོན་ས་ཚིགས་དང་མཉམ་ལས་བྱས་ནས་ནགས་ལས་ཀྱི་གྱོད་གཞི་ཐག་གཅོད་བྱེད་ཚད་ཐད་ཀར་མཐོ་རུ་བཏང་བ་དང་། གྱོད་གཞི་ཐོན་ཚད་དམའ་རུ་ཤུགས་ཆེན་སོང་བ་དེ་དུས་མཚུངས་ལས་93.8%ཉུང་དུ་ཕྱིན་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཚད་100%ཟིན་ཡོད། “རྒྱ་མཚོའི་རླུང་འཚུབ་དྲག་པོ་ཨང་དང་པོ”དང“ས་མཐོའི་ཕུག་ལྗང”དེ་བཞིན“ནགས་སྲུང་གི་རལ་གྲི་འཕྱར་བ —— 2018ལོ”སོགས་ཀྱི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་ཏན་ཏིག་སྤེལ་ནས་ཤིང་གང་བྱུང་དུ་གཅོད་པ་དང་རྔོན་གང་བྱུང་དུ་རྒྱག་པ་སོགས་ཀྱི་ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ཀྱི་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་དོ་དམ་གྱི་བྱ་ཐབས་བཏོན་པ་དང་སྦྲགས། སྤྱི་ཕན་ནགས་ལྟ་སྲུང་གི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་བྱ་དགའ་ཆད་གཅོད་ཀྱི་བྱ་ཐབས་ནན་དུ་བཏང་ནས་ནགས་ཚལ་ཐོན་ཁུངས་ལྟ་སྲུང་བྱེད་རིང་གཞི་རིམ་གྱི་ཞིང་འབྲོག་པའི་ནུས་པ་ཆེ་ཤོས་འདོན་སྤེལ་བྱས་ནས་ལྟ་སྲུང་གི་ཕན་འབྲས་དང་ལྟ་སྲུང་གི་ཁྱབ་ཁོངས་ཆེ་རུ་གང་ཐུབ་བཏང་སྟེ་སྤྱི་ཕན་ནགས་ཀྱི་ཐོན་ཁུངས་བདེ་འཇགས་ཡོང་བར་བྱས་པ་རེད།

    C  ནགས་ལས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ།

    རང་བྱུང་ནགས་ཚལ་གཅོད་མཚམས་འཇོག་པའི་ཁ་གསབ་མ་དངུལ་སྤྲོད་པའི་ཕན་འབྲས་འདོན་སྤེལ་གང་ལེགས་དང་ས་མཐོའི་ཁྱད་ཆོས་མངོན་གསལ་དོད་པོ་མཐའ་འཁྱོངས་བྱས་ཏེ། ནགས་ལས་ཐོན་ལས་འཛུགས་སྐྱོང་གོང་འཕེལ་ཤུགས་ཆེན་བཏང་ནས“ལྟེ་བ་གཅིག་དང་། རྒྱུད་གཅིག ཁུལ་གཅིག སྐོར་ལམ་གཅིག རྟེན་གཞི་གསུམ”བཅས་གནད་མང་བའི་ཐོན་ལས་ཁུལ་ཧུར་ཐག་བཏོད་དེ་ས་མཐོའི་ཤིང་འབྲས་དང་། ཤིང་འབྲས་སྐམ་པོ། ཁྱད་ལྡན་ནགས་ཞོར་ཐོན་ཟོག་དང་མེ་ཏོག་འདེབས་འཛུགས་ཀྱི་རྟེན་གཞི་བསྐྲུན་པས་དཔལ་འབྱོར་ནགས་ཤིང་གི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་དུ་བསྐྱོད་པ་དང་དུས་མཚུངས། ཞིང་འབྲོག་མང་ཚོགས་ནགས་ལས་ཐོན་ལས་འཛུགས་སྐྲུན་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ས་གཞི་སྔོ་ལྗང་དང་མང་ཚོགས་ཕྱུག་པོ་ཆགས་པའི་ཕྱོགས་གཉིས་ཀྱི་ཕན་འབྲས་ཐོན་ཡོད།

    ནགས་ལས་ཀྱི་གནད་སྨིན་དབུལ་སྐྱོར་མི་སེམས་ལ་གཏིང་ཟབ་ཟུག་ནས་ནགས་ཁུལ་མང་ཚོགས“སྣོད་བཅུད་སྲུང་དམག”ལ་གྱུར་ཡོད། ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་ཀྱིས་སྣོད་བཅུད་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་ལས་གནས་ཁྲི་1.95ལྷག་ཙམ་མཁོ་འདོན་བྱས་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་བཟང་པོར་བརྟེན་ནས་དབུལ་སྒྲོལ་བྱེད་པའི་ལས་གནས་ཀྱི་60%བཟུང་ཡོད། དེའི་ནང་གྲོང་ཁྱེར་རིམ་པས་སྣོད་བཅུད་དྲིལ་བསྒྲགས་པ་5732སྤྱི་འདོམས་བཀོད་སྒྲིག་བྱས་ནས་ནགས་ཁུལ་ཁག་གི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ནགས་ཚལ་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ལ་ཞུགས་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱས་པ་དང་ཆབས་ཅིག “སྣོད་བཅུད་སྲུང་དམག་ཅིག་བྱས་ནས་སྣོད་བཅུད་བཟང་བའི་ཕ་ཡུལ་སྐྲུན་པ”བརྗོད་དོན་གཙོ་བོར་བྱེད་པའི་བྱེད་སྒོ་རྒྱུན་མཐུད་སྤེལ་བས་ནགས་ཁུལ་གྱི་ཞིང་འབྲོག་མང་ཚོགས་རིམ་པས“སྣོད་བཅུད་སྲུང་མཁན་གྱི་འཐབ་འཛིང་པར”གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།