དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས“ལྷ་སའི་བྱང་རྒྱུད་སྐོར་ལམ”གྱི་ཡུལ་སྐོར་མིང་བྱང་གསར་པ་གཏོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-19

    ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས“ལྷ་སའི་བྱང་རྒྱུད་སྐོར་ལམ”གྱི་ཡུལ་སྐོར་མིང་བྱང་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད། འདམ་གཞུང་གི་གནམ་མཚོ་དང་། སྟོད་ལུང་གི་ཞང་ཞུང་མེ་ཏོག སྟག་རྩེའི་པད་ནག་ལུང་གཞུང་། མལ་གྲོ་གུང་དཀར་གྱི་གཟི་བྱིན་བླ་མཚོ། སྙེ་མོའི་ཇོ་མོ་གངས་དཀར་སོགས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། སྟག་རྩེའི་བྲག་ཡེར་པ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཐོར་གཏོང་སྒྱུར་བཀོད་རྣམ་གྲངས་ལེགས་གྲུབ་བྱེད་པ། ཐང་ག་རིག་རྩལ་གླིང་དང་། བཀའ་བསྟན་འགྱུར་རྟེན་རྫས་བཤམས་མཛོད་ཁང་། གནས་ཚང་ཨར་ཁང་ཆེན་མོ་སོགས་རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་པ། 《གྱིམ་ཤིང་ཀོང་ཇོའི》འཁྲབ་སྟོན་ཐོག་མ་དང་དེ་བཞིན་ཁྱབ་སྤེལ་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཐོན་ནུས་གསར་པ་ཞིག་ཆགས་པ་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་མུ་མཐུད་བྱས་ཏེ་ཡུལ་སྐོར་ཁེ་ལས་ཀྱི“མིང་ཐོ་ནག་པོའི”ལམ་ལུགས་དང་ཁ་དན་ཚིག་ལ་མི་གནས་མཁན་ཕྱིར་ཕུད་ལམ་ལུགས་བཙུགས་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ཚད་གཞི་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ལོ་འདིའི་ནང་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་15%འཕར་བ་དང་། ཡུལ་སྐོར་ཡོང་འབབ་20%འཕར་བ། གྲོང་གསེབ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.2ཟིན་པར་འབད་བརྩོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།