དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གཞིས་རྩེ་གྲོང་ཁྱེར་གྱིས་ནགས་ཚལ་གྲོང་སྐོར་གྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-18

    ཉེ་དུས་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ནགས་ལས་སྔོ་འགྱུར་ཅུས་ནས་ཤེས་རྟོགས་བྱུང་གསལ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.6ཟིན་པ་དང་། ནགས་ཚལ་ཁྱབ་ཚད་10% སྔོ་ཁེབས་གཙོ་བོ་བྱེ་སྐྱེས་སྡོང་ཕྲན་ནགས་ཚལ་གཙོ་བོ་དང་གྲུབ་ཆ་ཁེར་རྐྱང་བཅས་ཡིན་པ་མ་ཟད། གྲོང་ཁུལ་གྱི་ད་ཡོད་ཀྱི་སྤྱི་པའི་སྤང་ལྗོངས་རྒྱ་ཁྱོན་གྱི་བསྡུར་གྲངས་དམའ་བ་དང་། ནགས་དྲའི་གྲུབ་ཆ་འཐུས་སྒོ་ཚང་པོ་མེད་པ། གྲོང་ཁུལ་གཙོ་བོའི་ཕྱི་སྐོར་གྱི་ནགས་ཚལ་དང་ས་ངོས་སྔོ་ཁེབས་ཉུང་བར་བརྟེན་དགུན་དུས་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་མང་བས་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་བཟོས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས“རི་དང་། ནགས་ཚལ། འདམ་ར”བཅས་གཞི་གཅིག་ཏུ་འདུས་པའི་གྲོང་སྐོར་གྱི་སྣོད་བཅུད་འགོག་སྲུང་ར་བ་བསྐྲུན་ནས་ནགས་ཚལ་གྲོང་སྐོར་གྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་དགོས་པ་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནགས་ཚལ་གྲོང་སྐོར(གཙོ་གནད)ས་ཁོངས་དེ་གྲོང་ཁུལ་གྱི“རི་གསུམ་དང་ཆུ་བོ་གཉིས”ཀྱི་སྤྱིའི་སྣོད་བཅུད་བཀོད་པའི་ཁྲོད་ཀྱི་གྲོང་བྱང་བརྒྱུད་ཡར་ཀླུང་གཙང་པོའི་ལུང་ཤུར་དང་། རྒྱལ་ལམ་318དང་དེ་བཞིན་318གྲོང་སྐོར་ལམ་ཐིག གནས་བཟང་རི། ཞིང་ཆེན་ལམ་204ཡི་གྲོང་སྐོར་ཁུལ་གཙོ་བོའི་བཀག་འདོམས་ས་ཁོངས་ཀྱི་མཐའ་འཁོར་བཅས་དང་། ལག་བསྟར་ས་ཁོངས་གཙོ་བོའི་ཁུལ་དེ་གྲོང་ཁུལ་གཙོ་བོའི་རླུང་སྒོ་གཙོ་བོ་དང་དེ་བཞིན་སྣོད་བཅུད་ཉམས་ཞན་ས་ཁོངས་ཀྱི“ཆུ་བོ་གཉིས”ཀྱི་གྲམ་ཐང་དུ་གནས་ཡོད། དེར་བྱང་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་ལུང་ཤུར་དང་། ལྷོ་ནུབ་རྒྱུད་ཀྱི་ཇོ་མོ་གླང་མའི་རིག་གནས་གསར་གཏོད་གླིང་སོགས་ཚུད་པ་དང་ཁྱོན་ཡུག་ཁུལ་3དང་ས་ཆ་6དང་ལས་སྒྲུབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་2168.89ཟིན་ཡོད། མིག་སྔར་ཇོ་མོ་གླང་མའི་རིག་གནས་གསར་གཏོད་གླིང་གི་ལས་སྒྲུབ་སྤྱིར་ན་ལེགས་གྲུབ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།