གསར་འགོད་པས་བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར། 2018ལོར། བོད་ཀྱིས་རིམ་རྩིས་བྱས་ན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་སྒོར་དུང་ཕྱུར་107བཏང་བ་དང་འབྲེལ། 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ཤུགས་ཆེན་སྤེལ་བ། “གཙང་པོ་གཉིས་དང་ཆུ་བོ་བཞི”ཡི་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་དང་གྲོང་ཚོ་དང་དུད་ཚང་དུ་ལྗོན་ཤིང་ཡོད་པའི་བྱ་སྤྱོད་ལག་བསྟར། ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་བཙུགས་པ། “ལྗང་ཕུག་2018ལོའི”རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་ཆེད་དོན་བྱ་སྤྱོད་སྤེལ་བ་བཅས་བྱས་པར་བརྟེན་སྣོད་བཅུད་འདུ་འགོད་འཛུགས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་ཐོན་ཁུངས་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
མིག་སྔའི་བར། བོད་ཀྱིས་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པ་དེས་བོད་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད་ལ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་བདག་ཏུ་མི་བཟུང་བའི་སྲོག་ཆགས་རིགས་125དང་རི་སྐྱེས་སྐྱེ་དངོས་སྣ་ཁ་39བཙུགས་ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། 2018ལོར་གྲོང་ཚོ་863དང་དུད་ཚང་ཁྲི་8.32ལ་ཤིང་འཛུགས་ནགས་བཟོ་བྱས་པ་དང་། མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི་311བྱས་པ། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་བཟོ་མུའུ་ཁྲི་22.9བྱས་པ། རི་རྒྱ་ནགས་བཟོ་མུའུ་ཁྲི་341བྱས་པ། ནགས་ཚལ་ཁེབས་ཚད་12.14%མང་དུ་ཕྱིན་པ། སྲུང་སྐྱོང་ཐུབ་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་430.8ཟིན་པ། རང་བྱུང་རྩྭ་ཐང་མུའུ་ཁྲི་6841ལ་སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལག་བསྟར་བྱས་པ། བྱེ་འགོག་བྱེ་བཅོས་ཀྱི་རྒྱ་ཁྱོན་མུའུ་ཁྲི་420ཟིན་པ། ས་ཆུ་སྲུང་འཛིན་གྱི་རྒྱ་ཁྱོན་མུའུ་ཁྲི་105.14ཟིན་པ་བཅས་རེད།
དེ་དང་ཆབས་ཅིག བོད་ཀྱིས་ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་བཙུགས་ནས་བཀག་འགོག་དང་ཚོད་འཛིན་བྱས་པའི་གསར་སྤེལ་ས་ཁོངས་རྒྱ་ཁྱོན་གྱིས་བོད་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་80%ཙམ་བཟུང་བ་དང་རྒྱལ་ཁབ་ཀྱིས་གཏན་འགོག་དང་ཚོད་འཛིན་བྱས་པའི་གསར་སྤེལ་ས་ཁོངས་རྒྱ་ཁྱོན་གྱི་19.4%བཟུང་ཡོད། རིམ་རྩིས་བྱས་ན་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་75.91བཏང་ཡོད། “ལྗང་ཕུག་2018ལོའི”རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་གྱི་ཆེད་དོན་བྱ་སྤྱོད་དང་ཆུ་དང་། མཚེའུ། འདམ་ར་བཅས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་59གྲལ་བཤེར་དང་། ཁྲིམས་འགལ་བྱེད་སྤྱོད་25ཞིབ་བཤེར་ཐག་གཅོད། ཁེ་ལས་9སྒོ་བརྒྱབ་པ། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.96བཤིག་པ། དངུལ་ཆད་སྒོར་དུང་ཕྱུར་109.2བཏང་ཡོད་པ་རེད།