དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཕན་འབྲས་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲུའུ་ཝུའུ་ཀན།   |     སྤེལ་དུས།  2018-12-26

    ལོ་40ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས“མཛེས་སྡུག་ལྡན་པའི་ཇོ་མོ་གླང་མའི”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་པ་ཧུར་ཐག་ངང་བསྐྲུན་པ་དེ་ནི་སྣོད་བཅུད་འཛུགས་སྐྲུན་ཁྱབ་ཁོངས་ཁྲོད་ཀྱི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཚོན་ཚུལ་མངོན་གསལ་དོད་པོ་ཞིག་རེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་གཏོང་རྒྱུ་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བ་ཞིག་རེད། ལོ་40ཡི་རིང་སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་མོད། འོན་ཀྱང་སྣོད་བཅུད་ཁོར་ཡུག་གི་མཁོ་སྤྲོད་དང་དགོས་མཁོའི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ་དང་། མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་ལ་བཅངས་པའི་མང་ཚོགས་ཀྱི་རེ་བ་ཇེ་མཐོར་འགྲོ་བ། མང་ཚོགས་ཀྱི་འཚོ་བའི་བདེ་སྐྱིད་སྟོན་གྲངས་ཁྲོད་ཀྱི་སྣོད་བཅུད་ཁོར་ཡུག་གི་གནས་བབ་ཟམ་མི་ཆད་པར་མངོན་གསལ་དོད་དུ་འགྲོ་བ་བཅས་ལས་མི་ཚོས་བདེ་སྡོད་དང་། ལས་བརྩོན། འབབ་འཕར་བཅས་ཡོང་རེ་བྱེད་པ་མ་ཟད་ནམ་མཁའ་སྔོ་ཞིང་དྭངས་བ་དང་། ས་གཞི་ལྗང་བ། ཆུ་མོ་གཙང་བ་བཅས་ཡོང་བའི་རེ་བའང་བྱེད་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྤུས་ཚད་ཐད་ཀྱི་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་དེ་ནི་མང་ཚོགས་ཀྱི་རེ་སྒུག་ལ་ནུས་ཤུགས་ཡོད་རྒུས་ལན་བཏབ་པ་ཞིག་རེད།

    དམངས་ཀྱི་བློ་དང་སྲིད་ཀྱི་བབ་ལ་བསྟུན་དགོས་ཤིང་། ང་ཚོས་མང་ཚོགས་ཀྱི་རེ་སྒུག་བྱ་ཡུལ་དང་བསྟུན་ནས་སྣོད་བཅུད་དམངས་ཆེད་དང་། སྣོད་བཅུད་དམངས་ཕན། སྣོད་བཅུད་དམངས་བདེ་བཅས་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་ལྗང་མདོག་ཕན་བདེ་དང་སྣོད་བཅུད་བདེ་རྩ་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱེད་དགོས། ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་ཏེ་འདམ་ར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཧུར་ཐག་བྱས་ནས་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་བྱེད་ཐབས་སྤྱད་ནས་སྣོད་བཅུད་ཐོན་རྫས་དེ་བས་མང་བ་དང་དེ་བས་ཡག་པ་དང་ནགས་ཁྲོད་ཐོན་རྫས་དེ་བས་ཕུན་སུམ་ཚོགས་པ་དང་དེ་བས་སྤུས་ལེགས་ཐོན་སྐྱེད་བྱེད་དགོས། གཙོ་གནད་སྣོད་བཅུད་སྲུང་སྐྱོང་ས་ཁོངས་ཀྱི་ཁ་གསབ་མང་དུ་བཏང་ནས་རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་མཁན་ལ་ཐོབ་ཚོར་དེ་བས་ཆེ་བ་ཡོང་ཐབས་བྱེད་དགོས། དུས་མཚུངས་དམངས་ཡོངས་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་ནང་ཞུགས་རྒྱུར་སྔར་བས་ཁྲིད་སྟོན་བྱས་ཏེ་མི་ཚང་མ་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་སྤེལ་མཁན་དང་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་ལག་ལེན་པ་བྱ་རྒྱུར་ལྕག་སྐུལ་བྱེད་དགོས། མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་དང་ལྷག་པར་དུ་ཆུའི་སྦགས་བཙོག་དང་། འཐུང་ཆུ་བདེ་འཇགས་མེད་པ། གང་སར་གད་སྙིགས་ཀྱིས་ཁེངས་པ། ས་རྒྱུའི་སྦགས་བཙོག་སོགས་ཁོར་ཡུག་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་དེ་གཙོ་གནད་དུ་བརྩིས་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ཚ་ནན་གཅོད་པ་དང་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་གི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྣོད་བཅུད་བཅོས་སྐྱོང་བྱ་རྒྱུ་དེ་སྲིད་གཞུང་གིས་མཁོ་འདོན་བྱེད་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ནང་བཅུག་ནས་སྲིད་གཞུང་གི་བྱ་སྤྱོད་དང་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་བྱང་ཚད་དང་འཇོན་ཐང་ལ་ལྟ་བའི་ཚད་གཞིར་གྱུར་པ་བྱས་ཐོག་སྲིད་སྐྱོང་བྱས་རྗེས་དཔྱད་ཞིབ་ལས་དོན་ཁྲོད་ཁོར་ཡུག་སྲུང་སྐྱོང་སྟོན་རྟགས་ཀྱི་དབང་ཚད་ཆེ་རུ་གཏོང་དགོས། མདོར་ན། སྣོད་བཅུད་བཅོས་སྐྱོང་བྱ་རྒྱུ་ཚན་རིག་ཅན་དང་། ཐོན་ཁུངས་བེད་སྤྱོད་གྲོན་ཆུང་ཅན། དཔལ་འབྱོར་འཕེལ་རྒྱས་ལྗང་མདོག་ཅན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྣོད་བཅུད་ཅན། སྣོད་བཅུད་འཛུགས་སྐྲུན་ཕུགས་ཕན་ཅན་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མཛེས་སྡུག་ལྡན་པ་དང་སྡོད་མལ་ལ་འཚམ་པའི་འཚོ་བའི་བར་མཐོངས་དང་རི་ཀླུང་སྔོ་ལ་ཆུ་མོ་དྭངས་བའི་སྣོད་བཅུད་བར་མཐོངས་ཤིག་ལོངས་སྤྱོད་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།