དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉ་རིགས་གཉིས་ཀྱིས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-12-26

    ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་གསར་ཤོས་ལས་མངོན་དོན། ཡར་ཀླུང་གཙང་པོར་འཚོ་གནས་བྱེད་པའི་ལྷ་སའི་ཉ་ལུའོ་ལེ་ཁའོ་དང་ཉ་ཅན་ལུའོ་ལི་ཡིས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། མིག་སྔར་རྒྱལ་སྤྱིའི་དུས་དེབ《ཕྱོགས་ཡོངས་ཀྱི་ཁོར་ཡུག་ཚན་རིག》ཐོག་འབྲེལ་ཡོད་ཀྱི་ཞིབ་འཇུག་འབྲས་བུ་བཏོན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྐྱེན་ཟབ་ཤོས་ཀྱི་ས་ཆའི་གྲས་ཡིན། ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཁྲེན་དབྱི་ཞིབ་འཇུག་ཚོགས་པས་སྣ་ཚོགས་ཟས་ཅན་གྱི་ལྷ་སའི་ཉ་ལུའོ་ལེ་ཁའོ་དང་ཤ་ཟས་ཅན་གྱི་ཉ་ཅན་ལུའོ་ལི་ཡིས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།

    ཞིབ་འཇུག་འབྲས་བུ་ལས་མངོན་དོན། ཉ་རིགས་དེ་གཉིས་ཀྱིས་ཡར་ཀླུང་གཙང་པོའི་ནང་སྣོད་བཅུད་ཀྱི་གནས་བབ་མི་འདྲ་བ་བཟུང་ཡང་། ཁོང་ཚོའི་སྐྱེ་འཚར་གྱིས་གནམ་གཤིས་འགྱུར་ལྡོག་ལ་འདྲ་བའི་ཆ་མང་པོ་མངོན་གྱི་ཡོད། འཁྱགས་རོམ་མཁོ་སྤྲོད་བཟུང་ཚད་ཆེ་བའི་ཆུ་རྒྱུན་ཁྲོད། ཉ་རིགས་དེ་གཉིས་ཀྱི་སྐྱེ་འཚར་དང་ལོའི་ཆ་སྙོམས་དྲོད་ཚད་དབར་འབྲེལ་བ་ཟབ་མོ་ཡོད་པས་ལོའི་ཆ་སྙོམས་དྲོད་ཚད་ཇི་ཙམ་ཆེ་ན། སྐྱེ་འཚར་གྱི་གནས་བབ་དེ་ཙམ་གྱིས་ཞན་པ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།