དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ནུབ་རྒྱུད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ཡག་པོ་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-23

     

    566815_yis_1542010649141.jpg

    མངའ་རིས་ཀྱི་འདམ་རའི་མཛེས་ལྗོངས།

    566816_yis_1542010649811.jpg

    ལོ་ལྟར་ཤིང་འཛུགས་དུས་ཆེན་སླེབས་རིམ་བཞིན་མངའ་རིས་ས་ཁུལ་གྱིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཉེ་འཁོར་དུ་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་གྱི་ཡོད་ཅིང་། འདི་ནི་སྒར་རྫོང་གི་ལས་བྱེད་ལས་བཟོ་ཚོས་ཤིང་འཛུགས་ནགས་བཟོ་བྱེད་བཞིན་པ། (2018ལོའི་ཟླ་3ཚེས་12ཉིན་བླངས་པའི་པར)

    566817_yis_1542010650498.jpg

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་ས་ཁུལ་ཡོངས་ཀྱི“དོན་ཆེན་གསུམ”གྱི་གྲས་སུ་བརྩིས་པ་དང་། ཚན་རིག་དང་མཐུན་པའི་ཇུས་འགོད་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག སྐུལ་འདེད་ཤུགས་ཆེན་བཅས་བྱས་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོ་གཉིས་རིང་། མངའ་རིས་ས་ཁུལ་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་ཤིང་སྣ་བཅུ་ཕྲག་ལྷག་གི་སྡོང་རྐང་ཁྲི་42བཏབ་པ་དང་། སྣ་ཁ་བཅུ་ཕྲག་གི་རྩི་ཤིང་དང་མེ་ཏོག་སྨི་ངོས་གྲུ་ཁྲི་16ཙམ་ཚོད་ལྟའི་ངང་འདེབས་འཛུགས་བྱས་ཤིང་། འདི་ནི་དབྱར་དུས་ཀྱི་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཁྲོམ་གཞུང་གི་རྣམ་པ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་ཉིད་ས་ཁུལ་ཡོངས་ཀྱི“དོན་ཆེན་གསུམ”གྱི་གྲས་སུ་བརྩིས་ཡོད། སྔར་གཏན་ནས་བྱེད་མི་མྱོང་བའི་མཐོང་ཆེན་དང་། གཏོང་ཆ་གཏོང་ཤུགས། ལས་དོན་སྤེལ་ཤུགས། དམངས་ཕན་ཁྱབ་ཚད་བཅས་ལ་བརྟེན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། མངའ་རིས་ས་ཁུལ་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ལས་གནས་ལས་བྲལ་བའི་རྩིས་བཤེར། སྣོད་བཅུད་ཁོར་ཡུག་གནོད་འཚེའི་འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་སྔ་རྗེས་སུ་ལག་ལེན་བསྟར་བ་དང་། ཆུ་དཔོན(མཚོ་དཔོན)ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ་དང་དོན་འཁྱོལ་བྱས་པ། ཆུ་བོ་དང་མཚོ་33གྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ། རང་འགུལ་ངང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ལྟ་སྐུལ་མཛུབ་ཁྲིད་དང་ལེན་བྱས་པས། མང་ཚོགས་ཀྱིས་བཏོན་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ཡོད་པ་རེད།

    སྒྲིག་སྲོལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། མངའ་རིས་ས་ཁུལ་གྱིས་མཛེས་སྡུག་ལྡན་པའི་མངའ་རིས་གཏོད་པ་དང་། ས་ཆ་སྤྱོད་པའི་སྤྱིའི་འཆར་འགོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་བྱེད་ཐབས་སོགས་ཀྱི་ཡིག་ཆ་སྔ་རྗེས་སུ་བཏོན་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་མ་ལག་དང་། དཔྱད་ཞིབ་མ་ལག ཞིབ་དཔྱད་ཚད་ལེན་གྱི་ཁྲིམས་འཛིན་མ་ལག ཕྱོགས་བསྡུས་འགན་སྲུང་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་མངའ་རིས་བསྐྲུན་ཆེད་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་པ་རེད།

    ལྗང་མདོག་འཕེལ་རྒྱས་འགྲོ་ཚུལ་བཟང་བ། སྣོད་བཅུད་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁོར་ཡུག་སྲུང་སྐྱོང་གི་བྱ་དགའི་མ་དངུལ་བཙུགས་པ་དང་ཐོན་ལས་སྣོད་བཅུད་ཅན་དང་སྣོད་བཅུད་ཐོན་ལས་ཅན་ལ་སྐུལ་འདེད་བཏང་སྟེ། སྣོད་བཅུད་ཞིང་ལས་དང་། རང་བྱུང་འཐུང་ཆུ། དྭངས་གཙང་ནུས་རྒྱུ། སྣོད་བཅུད་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བཏང་བ་རེད། ཁོར་ཡུག་སྲུང་སྐྱོང་དེ་ཉིད་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གསར་སྤེལ་གྱི་རྣམ་གྲངས་ཀྱི་བརྒྱུད་རིམ་ཁྲོད་རྣམ་གྲངས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་གཉིས་མི་འཕྱུགས་པ་བྱས་ཡོད་པ་རེད།

    སྣོད་བཅུད་འདུ་འགོད་ལ་སྐུལ་འདེད་བརྟན་པོ་བཏང་བ། མ་དངུལ་སྒོར་དུང་ཕྱུར་16.9བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་150སྤྱི་འདོམས་ལག་ལེན་བསྟར་བ་རེད། རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་གྱུར་བའི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས། ལོ་གཉིས་རིང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་སྔོ་ལྗང་ཅན་གྱི་འདུ་འགོད་དང་ལས་ཁུངས་ཚན་པའི་སྒོ་ར་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་སྤྱོད་ལ་མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་ཤིང་རྐང་ཁྲི་19.16བཏབ་ཡོད། སྣོད་བཅུད་དཔེ་སྟོན་འཛུགས་སྐྱོང་བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་སྟེ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་6དང་སྣོད་བཅུད་གྲོང་ཚོ་82བཏོད་ཡོད། ས་ཞིང་བྱེ་འགྱུར་དང་། ས་ཆུ་ཤོར་བ། ས་གཤིས་གནོད་འཚེ་འགོག་བཅོས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོདཔ་རེད།

    ཁོར་ཡུག་བཅོས་སྒྲིག་ནུས་ལྡན་བྱས་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་སྟེ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅས་ཀྱི་འཆར་གཞི་ཆེ་མོ་གསུམ་ལག་བསྟར་གཏིང་ཟབ་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པ་དང་། གནས་རི་ལྷ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྦགས་བཙོག་བཅོས་སྒྲིག་ནུས་ལྡན་ཐུབ་ཡོད། རྫོང་དྲུག་གི་རྫོང་གྲོང་དུ་དྲོད་རླངས་དང་གསོ་རླུང་མཁོ་འདོན་དང་། ཆུ་མཁོ་འདོན་དང་འབུད་གཏོང་། བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ། ཕྱོགས་བསྡུས་མདོང་ལམ་སོགས་སྒྲིག་བཀོད་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། སེང་གེ་ཁ་འབབ་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བཙུགས་པ་དང་། འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དང་ཆུ་མཁོ་འདོན་འགན་ལེན་ལས་གྲྭ་14བསྐྲུན་པ། བདེ་འཇགས་འཐུང་ཆུའི་ས་ཚིགས་2154བསྐྲུན་པ། རྫོང་བདུན་གྱི་གད་སྙིགས་སྦས་ས་བརྒྱབ་པ་བཅས་བྱས་པ་རེད།

    སྲུང་སྐྱོང་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་2དང་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་4བསྐྲུན་པའི་རྒྱ་ཁྱོན་གྱིས་ས་ཁུལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་46.4%བཟུང་བ་དང་སྲུང་སྐྱོང་ཁུལ་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་འཛུགས་སྐྲུན་གཙང་སེལ་བཅོས་སྒྲིག་བྱས་པས། གཙོད་དང་། བྲེ་སེར་འབྲོང་། རྐྱང་སོགས་རྩ་ཆེན་སྲོག་ཆགས་ཀྱི་རིགས་ཁྱུ་ཟམ་མི་ཆད་པར་མང་དུ་སོང་ཡོད། མ་ཕམ་གཡུ་མཚོ་དེ་ཉིད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་ཁུལ་དུ་རིམ་སྤོར་བྱས་ཡོད། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱས་ཟིན་པ་དང་། སྣོད་བཅུད་ཁོར་ཡུག་ནུས་པའི་ཁུལ་འཆར་འགོད་བཟོ་སྒྲིག་དང་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་འགོད་པའི་ལས་ཀའང་ལས་འགོ་ཚུགས་ཡོད་པ་རེད།

    སྣོད་བཅུད་དམངས་ཕྱུག་གི་ཕན་འབྲས་མངོན་གསལ་དོད་པ། སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལམ་སྲོལ་བཙུགས་པ་དང་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་3.64དོན་འཁྱོལ་བྱས་ཡོད། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་ཟུང་འབྲེལ་བྱས་པ། སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་གནས་31666བཀོད་སྒྲིག་བྱས་པ་དང་ལོར་མི་རེར་ཆ་སྙོམས་ཁ་གསབ་སྒོར་3500སྤྲད་ཡོད། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་དང་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བས། གནས་སྤོས་པའི་ས་ཆའི་རང་བྱུང་ཁོར་ཡུག་སྲུང་སྐྱོང་ཐུབ་ཡོད་ལ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།