དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁེ་གསུམ་གྲོང་ཚོའི“གསར་བརྗེའི་ས་གཞིའི”སྟེང་གི་སྣོད་བཅུད་ཕུགས་འདུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-07

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་གྲོང་རྡལ་ནས་མུ་མཐུད་སྐར་མ་20བསྐྱོད་ཚེ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོར་སླེབས་ཀྱི་ཡོད།

    ལོ་50ལྷག་ཙམ་གྱི་གོང་དུ་ཁེ་གསུམ་གྲོང་ཚོར་བོད་ཀྱི་ལོ་རྒྱུས་ཐོག་གི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་དང་པོ་དང་། མི་དམངས་ཀུང་ཧྲེ་དང་པོ། བོད་ཀྱི་ཆ་ཚང་སློབ་ཆུང་དང་པོ་བཅས་བཙུགས་པ་དང་དམངས་གཙོའི་སྐབས་བརྗེའི་འདེམས་བསྐོ་ཐེངས་དང་པོ་བྱས་པས་དེ་ནི་མིང་དོན་མཚུངས་པའི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་དེ་ཡིན་ལ་ཁེ་གསུམ་གྲོང་ཚོར་ཡང་དེའི་དབང་གིས“གསར་བརྗེའི་ས་གཞི”དང“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོར”གྲགས་ནས་བོད་ཀྱི་གྲོང་ཚོ་དཀྱུས་མ་གཞན་དག་དང་འདྲ་གི་མེད།

    རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་སྦྲགས་ཐུན་མོང་མ་ཡིན་པའི་ས་ཁམས་གནས་བབ་དང་ཕྱིས་སུ་འཕེལ་རྒྱས་ཕྱིན་པའི་གསར་བརྗེའི་གཞི་རྒྱུ་ལས་ཁེ་གསུམ་གྲོང་ཚོར་གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་དང་། ཡུལ་སྐོར་རིག་གནས་དར་རྒྱས་གཏོང་རྒྱུར་སྣང་ཆེན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་བྱེད་པའི་གོ་སྐབས་བཟང་པོ་འཕྲད་ཡོད།

    ལོ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད། ཁེ་གསུམ་གྲོང་ཚོར་ཞིང་ལས་དང་། ཕྱིར་ལས་མི་བྱེད་པར་བསྐྱོད་པ། མཉམ་ལས་ཁང་ཆུང་གྲས། སྐྱེལ་འདྲེན་ལས་རིགས་བཅས་གཙོ་བོར་བྱས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ནས་གྲོང་མི་89ལ་སྣོད་བཅུད་ལས་གནས་མཁོ་འདོན་བྱས་པར་མི་རེར་ཆ་སྙོམས་ལོ་རེར་ལས་གནས་གླ་ཆ་སྒོར་3000ལེན་རྒྱུ་ཡོད་པ་རེད།

    སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་དང་ཕྱིར་ཚོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁེ་གསུམ་གྲོང་ཚོས་སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བར་ཚོད་འཛིན་བཟོ་བའི་དཀའ་གནད་ཅིག་ཡིན་པས་མང་ཚོགས་ཀྱི་འདེབས་འཛུགས་ལག་རྩལ་མཐོ་རུ་གཏོང་ཆེད། གྲོང་མི་ཨུ་ལྷན་དང་རང་སྐྱོང་ལྗོངས་སྔོ་ཚལ་ཞིབ་འཇུག་སུའོ་ཡིས་ལག་རྩལ་གསར་པ་དང་སྣ་ཁ་གསར་པ་དཔེ་སྟོན་ཁྱབ་གདལ་གཏོང་བའི་མཉམ་ལས་གྲོས་མཐུན་བཞག་ནས་མང་ཚོགས་4སྔ་རྗེས་སུ་རང་སྐྱོང་ལྗོངས་སྔོ་ཚལ་ཞིབ་འཇུག་སུའོ་རུ་མཉམ་ཞུགས་སློབ་སྦྱོང་བྱེད་པར་ཟླ་བ་གཅིག་བཏང་བ་དང་རང་སྐྱོང་ལྗོངས་སྔོ་ཚལ་ཞིབ་འཇུག་སུའོ་ཡི་འགོ་ཁྲིད་གདན་དྲངས་ཏེ་རྟེན་གཞིར་བསྐྱོད་ནས་གསོ་སྦྱོང་ཐེངས་14བྱས་པ་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བ་བརྒྱུད་ལོ་ལྟར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་42བཏོད་པ་རེད། 2013ལོར་གྲོང་མི་ཨུ་ལྷན་གྱིས་ས་ཞིང་བརྒྱུད་བཤུག་བྱེད་པ་བརྒྱུད་གཟན་ཆར་སྤྱོད་པའི་མ་རྨོས་ལོ་ཏོག་མུའུ་213མཉམ་སྡེབ་ཐོག་འདེབས་འཛུགས་བྱས་པ་དང་དུས་མཚུངས་ཁེ་གསུམ་གྲོང་ཚོས་ས་ཞིང་གཅིག་སྡུད་ཡུག་སྦྲེལ་གྱི་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་དཔེ་དབྱིབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འབྲེལ་ཡོད་ཀུང་སི་དང་ངོ་འཕྲད་གྲོས་མོལ་བྱས་པ་བརྒྱུད་ཉོ་སྒྲུབ་གྲོས་མཐུན་བཞག་ནས་མང་ཚོགས་ལ་མུའུ་རེར་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་བར་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཆེས་ཆེར་འཕེལ་བ་རེད། ད་ཆ་ཁེ་གསུམ་གྲོང་ཚོར་རིགས་ཁག་གི་དྲོད་ཁང་ཆེ་མོ་88དང་དེ་བཞིན་ཞིང་འཕྲུལ་མཉམ་ལས་ཁང་དང་། ལྗིད་འདེགས་འཕྲུལ་འཁོར་མཉམ་ལས་ཁང་། བོགས་གཏོང་ཁང་པ་སོགས་མཉམ་སྡེབ་གཉེར་སྐྱོང་རྣམ་གྲངས་མང་པོ་ཡོད་པ་རེད། 2017ལོར་ཁེ་སྤོགས་གཙང་མ་སྒོར་ཁྲི་36བྱུང་བ་དང་ཞིང་ལས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི་2988བྱུང་བ་རེད།

    སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་རིང་ཁེ་གསུམ་གྲོང་ཚོས་མང་ཚོགས་ཀྱི་སྡོད་ཁང་208སྒྱུར་བཀོད་བྱས་པ་དང་དུས་མཚུངས་མང་ཚོགས་ཀྱི་སྡོད་ཁང་8གསར་དུ་བརྒྱབ་པ་རེད། གཞན་ཡང་དམངས་གཙོའི་ལམ་ཆེན་དང་། ཐང་ཆེན་དང་དེ་བཞིན་ཕྱོགས་བསྡུས་བྱེད་སྒོ ལྟེ་གནས། ལན་ཆིའུ་སྤོ་ལོ་རྒྱག་ས། སྤྱི་པའི་གསང་སྤྱོད། སྤྱི་པའི་སྒོ་ར་སྔོ་འགྱུར། རླངས་འཁོར་འཇོག་ས། ཕྱུགས་ཚང་སོགས་འཛུགས་སྐྲུན་བྱས་ནས་རྣམ་གྲངས་དེ་དག་ལ་མ་དངུལ་སྒོར་ཁྲི་3988.4བཏང་བ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་སྒོར་ཁྲི་3000ལྷག་ཙམ་བཏང་ནས་ཁེ་གསུམ་གྲོང་ཚོར“སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིགས”བསྐྲུན་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་སྒྱུར་བ་དང་། ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་ཚད་98%ཡན་ཟིན་ཡོད། 2017ལོར་སྡེ་ཁུལ་གྱི་མི་872ཁྲོད་མི་300ལྷག་ལོ་ལྟར་ཕྱིར་ལས་མི་བྱེད་པར་བསྐྱོད་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.7ལྷག་ཙམ་བྱུང་བ་དང་། གྲོང་མི་དུད་ཚང་242ཁྲོད་དུད་ཚང་115ལ་རླངས་འཁོར་ཡོད་པ། དུད་ཚང་དབུལ་པོ་17ཚང་མ་དབུལ་སྒྲོལ་ཐུབ་པ་བཅས་རེད། 2017ལོར་ཁེ་གསུམ་གྲོང་ཚོ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོར་གཏན་འཁེལ་བྱས་པ་རེད།

    མི་རིང་བའི་སར། ན་ནིང་གྲོང་ཚོར་བཏབ་པའི་སྡོང་ཕྲུག་ཁྲི་1ལྷག་ཙམ་དྲོ་འཇམ་ཉི་འོད་འོག་སྐྱེ་འཚར་ཡག་པོ་བྱུང་བ་ལས་ཁེ་གསུམ་བས་སྣོད་བཅུད་ཤེས་དཔལ་གྱི་ལེའུ་གསར་པ་རྩོམ་བཞིན་ཡོད་པ་ལྟར་སྣང་བས། གསར་བརྗེ་དང་ལྗང་མདོག་སྣོལ་མའི་འབྱོར་འབྲིང་ལམ་བུར་སྐྱོད་བཞིན་ཡོད་པ་གསལ་བཤད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།