བོད་ལྗོངས་ལྷོ་ཁའི་དྲ་རྒྱར་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་དང་། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། རྒྱ་བོད་རིག་གནས་སྤེལ་རེས་ལྟེ་གནས། ཁྲེང་ཏུའུ་མཁའ་འགྲུལ་ཀུང་སི་བཅས་ཀྱིས་སྒྲུབ་འགན་འཁུར་བའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་ལྷོ་ཁ་ནས་ཝུའུ་ཧན་བར་ཐད་ཀར་འཕུར་བའི་གནམ་གྲུ་ཤར་གཏོང་བྱུང་བའི་མཛད་སྒོ”གོང་དཀར་གནམ་ཐང་དུ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི“དགུན་དུས་བོད་ལ་ཡུལ་སྐོར་བྱེད། མཐའ་སྣེ་གསུམ་པ་སྲུང་སྐྱོང་བྱེད”པའི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་དོན་འཁྱོལ་དང་ཐད་ཀར་འཕུར་བའི་གནམ་གྲུ་ཤར་གཏོང་ཐུབ་ནས་ལྷོ་ཁའི་ཡུལ་སྐོར་འཕེལ་རྒྱས་ལ་རོགས་རམ་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཧུའུ་པེ་བ་ཁྲི་80ལྷོ་ཁ་དང་བོད་ལ་སྐྱོད་པའི་འགྲུལ་ཁུངས་བོད་སྐྱོར་གྱི་དམིགས་ཚད་འགྲུབ་ཕྱིར་འགྲིམ་འགྲུལ་ཐད་ནས་འདེགས་སྐྱོར་བྱ་རྒྱུ་ཡིན་ཞིང་། ཧུའུ་པེ་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པ”གོ་སྐབས་སུ་བརྩིས་ཏེ། ལྷོ་ཁ་ནས་ཝུའུ་ཧན་བར་ཐད་ཀར་འཕུར་བའི་གནམ་གྲུ་ཤར་གཏོང་ཐུབ་པར་བརྟེན་ནས་ཧུའུ་པེ་བ་བོད་ལ་སྐྱོད་པའི་ཡུལ་སྐོར་འགྲུལ་ཁུངས་ཀྱི་ཁྲོམ་ར་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།