དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འདམ་གཞུང་རྫོང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-19

    ཉེ་ཆར་འདམ་གཞུང་རྫོང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆེད་དོན་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་དེ་ཆེད་དོན་གསོ་སྦྱོང་ཁག་4ལ་དབྱེ་བ་དང་བརྗོད་དོན་གཙོ་བོ་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་ཀྱི་རིགས་པའི་གཞུང་ལུགས་མ་ལག་འཛུགས་སྐྱོང་ལ་དམིགས་པ་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས《སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལམ་ལུགས་དང་འགན་ལེན་ལམ་སྲོལ་འཛུགས་སྐྱོང》དང《མི་སྡོད་ཁོར་ཡུག་དང་འཚོ་བ་སྐྱེལ་སྟངས་ལྗང་མདོག་ཅན》སོགས་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་པ་རེད།

    གསོ་སྦྱོང་བྱེད་རིང་རིགས་གཅིག་མཁས་ཅན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཚན་པ་ཁག་གིས་བཏོན་པའི་དོགས་གནད་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ་དེང་སྐབས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཀའ་གནད་ལ་གྲོས་བསྡུར་བྱས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་ལས་ཚན་པ་ཁག་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་དང་ལྟེ་བའི་ནང་དོན་ལ་སྔར་བས་ངོས་འཛིན་གཏིང་ཟབ་བྱུང་བ་དང་། གོམ་སྟབས་རྗེས་མའི་འདམ་གཞུང་རྫོང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་དང“སྣོད་བཅུད་འདམ་གཞུང་དང་མཛེས་སྡུག་ལྡན་པའི་འདམ་གཞུང”བསྐྲུན་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།