དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ མཚོ་སྣ་རྫོང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-19

    ཉེ་བའི་ལོ་ཤས་རིང་། མཚོ་སྣ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ“མཛེས་སྡུག་ལྡན་པའི་མཚོ་སྣ”བསྐྲུན་རྒྱུ་དེ་འཕེལ་རྒྱས་འཐབ་ཇུས་ཀྱི་གྲས་སུ་བརྩིས་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག་ཁག་གང་མགྱོགས་གོང་འཕེལ་གཏོང་བ་དང་དུས་མཚུངས་ཁོར་ཡུག་གི་སྤུས་ཚད་ལེགས་གཏོང་དང་མཐོར་གཏོང་དེ་དམིགས་ཚད་དུ་བྱས་ནས་མཚོ་སྣ་རྫོང་འདི་ཉིད་བོད་ཤར་ལྷོའི་རྒྱུད་ཀྱི་ནགས་ཚལ་སྣོད་བཅུད་ཚོད་ལྟའི་དཔེ་སྟོན་རྫོང་དུ་ཏན་ཏིག་བསྐྲུན་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་འཛུཌ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    2016ལོ་ནས་བཟུང་། ཁོངས་གཏོགས་ཁུལ་གྱི་གཙོ་གནད་ས་ཁོངས་སུ་ཤིང་མུའུ་4237བཙུགས་པ་དང་། མུའུ་3300ལ་བྱེ་འགོག་བྱེ་བཅོས་བྱས་ཁར། མུའུ་1300ལ་ཡུག་གཅིག་ཏུ་ཤིང་བཙུགས་པ་དང་། མུའུ་10000ཡི་ཤིང་གསབ་འཛུགས་ལས་འགན་ལེགས་འགྲུབ་བྱས་ཤིང་། གསར་གཏོད་དང་ལྟ་སྲུང་ལས་དོན་བསྒྲུབས་ནས་སྡོང་ཕྲུག་སྐྱེ་ཚད་85%ཡན་ཟིན་ཏེ། སྦྱོར་ར་ལུང་ཤུར་དུ“ལྗང་མདོག་ཁྱམས་རིང”ཞིག་ཐོག་མར་ཆགས་ཡོད། རྫོང་གྲོང་གི་འདམ་ར་སྤྱི་གླིང་དང་ཆུ་དྲོ་མོའི་ལོ་སྟོང་གི་གླ་ཚེར་ནགས་རར་སྲུང་སྐྱོང་ནུས་ལྡན་བྱས་པས། འདམ་རའི་ཆུ་ཁོངས་ཀྱི་རྒྱ་ཁྱོན་དང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ལྡབ་10ཡན་རྒྱ་ཆེར་སོང་བ་དང་། གླ་ཚེར་ནགས་རའི་སྲུང་སྐྱོང་ས་ཁོངས་ཀྱང་མུའུ་1000ཡན་ཟིན་ཡོད། ཉེ་བའི་ལོ་གཉིས་ཀྱི་རིང་། མཚོ་སྣ་རྫོང་གིས་མ་དངུལ་སྒོར་ཁྲི་2700བཏང་ནས་མཚོ་སྣ་གྲོང་རྡལ་དང་སྦྱོར་ར་ཤང་སོགས་ཤང་གྲོང་དུ་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་རྣམ་གྲངས་ལག་བསྟར་བྱས་ཁར། རྫོང་ཡོངས་ཀྱི་རྩྭ་ཐང་སྣོད་བཅུད་ཞན་འགྱུར་དང་ས་ཆ་བྱེ་འགྱུར་སོགས་ཀྱི་སྣང་ཚུལ་སྔར་བས་བཀག་འགོག་བྱས་པར་བརྟེན། མཚོ་སྣ་རྫོང་གི་རྩྭ་ཐང་སྣོད་བཅུད་ལེགས་གཏོང་དང་སླར་གསོའི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད།

    ཁྲིམས་འཛིན་ནུས་པ་ཤུཌ་ཆེར་བཏང་བ།

    ཉེ་བའི་ལོ་གཉིས་ཀྱི་རིང་། མཚོ་སྣ་རྫོང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཁོར་ཡུག་དཔྱད་ཞིབ་དང་ཞིབ་མཆན་གྱི་འགག་སྒོར་དམ་འཛིན་ནན་པོ་བྱས་ཏེ། ལས་གྲྭའི་རྣམ་གྲངས་ཡོངས་ཀྱི་ཁོར་ཡུག་ཚོད་སྐོར་གྱི་འགྲོ་ལུགས་ཚང་མ་གཉེར་ཡོད། ཁྲིམས་འཛིན་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་སྡེ་ཚན་དང་མཉམ་དུ་འབད་བརྩོན་བྱས་པ་དང་ལྟ་སྐུལ་ཚད་ལེན་དང་ཁྲིམས་འཛིན་ནུས་པ་ཤུགས་ཆེ་རུ་བཏང་ནས་རྡོ་སོལ་མིན་པའི་གཏེར་ཁ་ནས་ས་སྙིགས་དོར་བ་དང་རྫོབ་སྙིགས་དོར་བར་བཅོས་སྐྱོང་འཐུས་ཚང་བྱས་ཏེ་ས་ཆུའི་སྦགས་བཙོག་སྔོན་འགོག་བྱས་པ་རེད། གཙོ་གནད་ཐོག་མཚོ་དང་། འདམ་ར། ཆུ་ཁུངས། རྩྭ་ས། ནགས་ཚལ་སོགས་ས་ཁོངས་སྲུང་སྐྱོང་གི་གནས་ཚུལ་ལ་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་ལྟ་སྐུལ་ཚད་ལེན་བྱས་ཏེ། གཏོར་བཤིག་མི་ཕོག་པ་དང་སྦགས་བཙོག་མི་ཡོང་བ་འགན་ལེན་བྱས་པ་རེད། སྐམ་ལ་ཉེ་བའི་མཚོ་དང་མཚེའུ་ལ་མི་ཐབས་ལ་བརྟེན་པའི་ཆུ་འདྲེན་བྱེད་ཐབས་སྤྱད་དེ་མཚེའུ་ངོས་ཀྱི་རྒྱ་ཁྱོན་ཆུང་དུ་འགྲོ་བའི་གནད་དོན་ཚོད་འཛིན་ནུས་ལྡན་ཡང་བྱས་པ་རེད།

    མཚོ་སྣ་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་རྒྱགས་ལོད་ཀྱིས། “ཉེ་བའི་ལོ་གཉིས་ཀྱི་རིང་། ས་འོག་ཚ་ནུས་ཀྱི་དྲོད་འདོན་འདུ་འགོད་ལ་མ་དངུལ་སྒོར་དུང་ཕྱུར་2.2བཏང་ནས་ས་འོག་ཚ་ནུས་དྲོད་འདོན་རྫོང་གྲོང་ཡོངས་ལ་ཁྱབ་པར་བྱས་པས། དེང་རབས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཀྱིས་སྲོལ་རྒྱུན་གྱི་རྡོ་སོལ་དང་མེ་ཤིང་གི་དྲོད་འདོན་པའི་ཚབ་བྱས་པ་མ་ཟད། རྫོང་ཡོངས་ཀྱི་སློབ་ཁྲིད་ཆ་རྐྱེན་དང་ལས་བྱེད་ལས་བཟོའི་དགུན་ཁའི་འཚོ་བའི་དྲོད་ལེན་གནད་དོན་ཡང་ལེགས་བཅོས་བྱས་ཡོད”དེ་དང་ཆབས་ཅིག་མཚོ་སྣ་རྫོང་གིས་མ་དངུལ་སྒོར་ཁྲི་1000ལྷག་བཏང་ནས་ཉི་ནུས་ཀྱི་ལམ་སྒྲོན་དང་རླུང་ནུས་ཀྱི་གློག་འདོན་ལམ་སྒྲོན་1293བསྒར་ཏེ། མཚོ་སྣ་རྫོང་ཧྲིལ་པོའི་གློག་སྒྲོན་གྱི་རྣམ་པར་ལེགས་བཅོས་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།

    ད་ལོ་ནས་བཟུང་། མཚོ་སྣ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་ལ་སྐུལ་མ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལོ་ལྟར《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི》བཟོས་ཏེ། ཤང་གྲོང་དང་ཁེ་ལས་ཁག་དབར《མཚོ་སྣ་རྫོང་གི་ཤང་གྲོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་དམིགས་ཚད་འགན་འཁྲིའི་ཡི་གེ》དང《མཚོ་སྣ་རྫོང་ཁོར་ཡུག་དྲ་མིག་ཅན་གྱི་ལྟ་སྡོམ་འགན་འཁྲིའི་ཡི་གེ》བཞག་པ་དང་། དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྫོང་ཡོངས་ཀྱི་ཤང་གྲོང་10དང་། སྲིད་འཛིན་གྲོང་ཚོ་24གྲོང་མི་ཚོགས་ཆུང་55བཅས་ལ་གྲོང་ཚོ་རིམ་པའི་གད་པ་དང་ལྟ་སྐུལ་བ་188བཀོད་སྒྲིག་བྱས་པས་གྲོང་མི་ཚོགས་ཆུང་གི་གད་པ་དང་ལྟ་སྐུལ་བ་ཡོངས་སུ་ཁྱབ་པ་དང་ལོར་གླ་ཆ་དང་ཐོབ་ཆ་སྒོར་ཁྲི་75.9དོན་འཁྱོལ་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྣ་རྫོང་གིས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་གསེབ་སྲོལ་གཏོད་ལས་དོན་ཧུར་ཐག་བསྒྲུབས་པ་རེད། མིག་སྔའི་བར་མཚོ་སྣ་རྫོང་གི་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་གསེབ་སྲོལ་གཏོད་100%ཟིན་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་སྲོལ་གཏོད་ཧུར་ཐག་བྱས་པ་དང་མ་དངུལ་སྒོར་ཁྲི་60བཏང་ཁར་ཧོ་ཧེ་སློབ་ཆེན་ཇུས་འགོད་ཞིབ་འཇུག་ཁང་ལ་མངགས་བཅོལ་བྱས་ནས《སྣོད་བཅུད་ཤེས་དཔལ་དཔེ་སྟོན་ཁུལ་འཛུགས་སྐྱོང་གི་འཆར་འགོད》དང《སྣོད་བཅུད་རྫོང་སྲོལ་གཏོད་ལས་དོན་གྱི་སྙན་ཞུ》སྒྲིག་བཟོའི་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།