དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​པད་མ་བཞད་འདྲའི་དངོས་ཟོག་ལ་། ཚོང་མགྲོན་བུང་བའི་ཚོགས་བཞིན་འཁོར་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། བསོད་ནམས་དང་རྣམ་གླིང་རིན་ཆེན།   |     སྤེལ་དུས།  2018-09-14

    550025_yis_1536811479373_s.jpg

    བོད་ལྗོངས་ཟླ་ཧྲེ་ཚོགས་པའི་ལས་མིས་འགྲེམས་ཁུལ་དུ་རྡོ་ཚོན་དབུར་སྟངས་སྟོན་པ། 

    550016_yis_1536811468484_s.jpg

    ཕ་ཀི་སི་ཐན་གྱི་ཚོང་གཉེར་བས་བཀྲམ་པའི་གཡང་ཊིའི་ཐོན་རྫས་སྣ་ཚོགས།

    550017_yis_1536811469217_s.jpg

    བལ་ཡུལ་ནས་ཐོན་པའི་སངས་རྒྱས་སྐུ་འདྲ་ཉོ་བཞིན་པ།

    ༄༅།། རྫོགས་ལྡན་ནམ་ཟླས་ཐོན་ལེགས་ཀྱི་འབྲས་བུ་ལོངས་སྤྱོད་ཀྱི་སྐལ་བར་སྐྱེས་སུ་འབུལ་བའི་སྐབས་འདིར། བོད་ལྗོངས་ལྷ་སར་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་གཟབ་རྒྱས་ངང་འགོ་ཚུགས། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ལ་ལྗོངས་ཕྱི་ནང་གི་ཚོང་གཉེར་བས་བཏོན་པའི་དངོས་ཟོག་སྐབས་གོང་མ་ལས་ཀྱང་ཕུན་སུམ་ཚོགས་པས། དེས་འཛམ་གླིང་ཞི་བདེ་དང་། ཁྱད་པར་དུ་བོད་ས་མཐོ་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་གསར་པ་སྤོས་ཡོད་པ་མཚོན་བཞིན་ཡོད།

    གཞི་རྒྱ་ཆེ་བའི་འགྲེམས་ཚོགས་དེ་འགྲེམས་ཁང་དང་པོ་དང་གཉིས་པ་ཁག་གཉིས་སུ་དབྱེ་ཡོད་ཅིང་། འགྲེམས་ཁང་དང་པོར་གཞིས་རྩེ་དང་། ལྷ་ས། ཆབ་མདོ། ཉིང་ཁྲི་སོགས་གྲོང་ཁྱེར་དང་ས་ཁུལ་གྱི་ཞིང་འབྲོག་ཐོན་ཟོག་དང་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་ཟོག་སྣ་ཚོགས་ཡོད་པ་དང་། འགྲེམས་ཁང་གཉིས་པར་འགྲེམས་ཚོང་རྒྱལ་སྤྱི་ཅན་དང་། རྩེར་སོན་ཅན། ཚད་ལྡན་བཅས་ཀྱི་ལས་སྟེགས་འཛུགས་སྐྲུན་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་ཁེ་ལས་230ལྷག་ཙམ་ཞུགས་ཡོད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་དངོས་ཟོག་གིས་འཛད་སྤྱོད་པའི་མིག་ཟུང་ལྟ་བའི་ཁོམ་པ་བྲལ་བའི་སྣང་བ་ཡོང་གི་ཡོད། འགྲེམས་ཚོགས་རིང་ཉིན་ལྟར་མི་གྲངས་ཁྲི་ཚོ་བརྒལ་བས་འགྲེམས་ཁང་ཁག་གཉིས་ཀྱི་སྒོ་ཁར་བང་བསྒྲིགས་ནས་ཚོང་རར་ཞུགས་ཏེ་ཕྱི་ནང་གང་སར་འཁྲུག་ཆ་ཤིན་ཏུ་དོད་པོ་ཡོད།

    550021_yis_1536811474677_s.jpg

    ནང་སའི་ཡུལ་སྐོར་བས་བལ་ཡུལ་གྱི་ཐང་ག་ཉོ་བ།

    550027_yis_1536811480792_s.jpg

    གཞོན་ནུ་ལྷ་འབྲི་བ་དར་རྒྱས་ཀྱིས་འགྲེམས་ཁུལ་དུ་ཞལ་ཐང་བཞེངས་རྩལ་སྟོན་པ།

    550018_yis_1536811470215_s.jpg

    འཛད་སྤྱོད་པས་བལ་ཡུལ་གྱི་ཁ་དཀྲིས་ཉོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།