དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་ཁྲོམ་རའི་ཆེད་དོན་སྒྲོག་འགྲེལ་བཅོས་སྒྲིག་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-12

    ཉེ་ཆར། འདམ་གཞུང་རྫོང་ཡུལ་སྐོར་ཅུས་ཀྱིས་སྣེ་ཁྲིད་དེ་རྫོང་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་སོགས་སྡེ་ཚན་དང་མཉམ་དུ་གནམ་མཚོའི་མཛེས་ལྗོངས་ཁུལ་དང་དེའི་རྒྱུད་ལ“ལོག་སེལ་ཟིང་བཅོས”ཀྱི་ཆེད་དོན་སྒྲོག་འགྲེལ་བཅོས་སྒྲིག་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་གནམ་མཚོའི་མཛེས་ལྗོངས་ཁུལ་དང་དེའི་རྒྱུད་ཀྱི“ལོག་སེལ་ཟིང་བཅོས”ཆེད་དོན་སྒྲོག་འགྲེལ་བཅོས་སྒྲིག་བྱེད་སྒོའི་ནང་གཙོ་བོ་ལྐོག་ཞིབ་དང་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་སྤྱད་ཡོད་པ་རེད། ཡུལ་སྐོར་ཁྲོམ་རའི་ཐོག་རིན་གོང་མཐོ་པོ་ལེན་པ་དང་གང་བྱུང་དུ་གྲོན་དངུལ་ལེན་པ་སོགས་ཀྱི་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ་དང་། བྱེད་སྤྱོད་དེ་རིགས་ཀྱིས་ཡུལ་སྐོར་ཁྲོམ་རར་ཚད་ལྡན་དུ་གཏོང་བར་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་ནང་དོན་ལ་སྒྲོག་འགྲེལ་བྱས་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་དང་དེའི་རྒྱུད་ཀྱི་ཡུལ་སྐོར་ལས་རིགས་ནང་ཞུགས་མཁན་གཉེར་སྐྱོང་དང་། དོ་དམ་སྡེ་ཚན། དེ་བཞིན་འབྲོག་པ་མང་ཚོགས་ཀྱི་ཁྲིམས་ལུགས་སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་འདམ་གཞུང་རྫོང་གི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།