དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་ལས་སྣོད་བཅུད་སྲུང་སྐྱོང་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-09-05

    ཚེས་3ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བརྒྱབ་པའི་སྣོད་བཅུད་ཐོན་ཁུངས་སྲུང་སྐྱོང་དང་འབྲེལ་བའི་ཉེས་དོན་གྱི་ཞོར་དུ་དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིག་ལ་ཉིན་ཤས་གོང་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པར། ཞུ་སྦྱོར་ཕྱི་མས་ཉེས་དོན་འགན་འཁྲི་འཁུར་དགོས་པ་ཕུད། ད་དུང་དེ་མཚུངས་ཀྱི་དམངས་དོན་འགན་འཁྲི་ཡང་འཁུར་དགོས་ཀྱི་ཡོད།

    གྱོད་གཞི་དེ་བོད་ཀྱིས་བཅད་ཁྲ་ཡོངས་བསྒྲགས་ཁྱབ་བསྒྲགས་བྱས་པའི་ཉེས་དོན་གྱི་ཞོར་དུ་དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཐོག་མ་དེ་རེད། ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོས་ལྐོག་ཏུ་ནགས་ཤིང་བཅད་པའི་དབང་གིས་འདྲི་ཞིབ་ཐེངས་དང་པོར་བཙོན་འཇུག་ལོ་བདུན་དང་ཟླ་བ་དྲུག་བྱ་རྒྱུ་དང་དངུལ་ཆད་སྒོར་ཁྲི་2གཏོང་རྒྱུ་མ་ཟད། གྱོད་འབྲེལ་གྱི་ཤིང་དང་དེ་བཞིན་ཉེས་གསོག་ཡོ་བྱད་ཚང་མ་གཞུང་བཞེས་གཏོང་རྒྱུ། སྐལ་ཆེ་གེ་མོས་ལྐོག་ཏུ་ནགས་ཤིང་བཅད་པའི་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་2.88སྐྱིན་ཚབ་སྤྲོད་དགོས་པ་དང་། སྡོང་ཕྲུག་རྐང་100(ཤིང་གསོན་ཚད་རྩིས་བརྒྱབ་ན)གསབ་འདེབས་བྱེད་དགོས་པ་མ་ཟད། ཡུལ་དེའི་སྤྱི་དམངས་ལ་དགོངས་སེལ་ཞུ་དགོས་པའི་དཔྱད་མཚམས་བཏང་བ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོས་ཤིང་གཅོད་ཆོག་པའི་ལག་ཁྱེར་མེད་པར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་བཀྲ་ཏིག་གྲོང་ཚོའི་སྟོད་ལུང་ལུང་ཤུར་ནས་ལྐོག་ཏུ་ནགས་ཤིང་བཅད་པ་རེད། གསལ་འབྱེད་བྱས་པ་བརྒྱུད་གྱོད་འབྲེལ་ཤིང་རིགས་གསོམ་ཤིང་ཡིན་པ་དང་ཤིང་འབོར་ཚད་སྨི་རྒྱ་དཔངས་ངོས་གྲུ་342ལྷག་ཙམ་ཟིན་ཡོད།

    2018ལོའི་ཟླ་5ཚེས་10ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་ལ་ཉེས་དོན་གྱི་ཞོར་དུ་དམངས་དོན་སྤྱི་ཕན་གྱི་གཏུག་བཤེར་བྱས་པ་རེད། འདྲི་གཅོད་ཐེངས་དང་པོ་བྱེད་མཁན་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོའི་བྱེད་སྤྱོད་དེས་ལྐོག་ཏུ་ནགས་ཤིང་བཅད་པའི་ཉེས་པ་བསགས་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཟོས་པས། ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་འཁུར་དགོས་ལ་དཔལ་འབྱོར་གྱི་གྱོང་གུན་སྐྱིན་ཚབ་སྤྲོད་དགོས་པ་དང། སྡོང་ཕྲུག་གསབ་འདེབས་བྱེད་དགོས་པ། དགོངས་སེལ་ཞུ་དགོས་པ་སོཌ་ཀྱི་དམངས་དོན་འགན་འཁྲི་ཡང་འཁུར་དགོས་པའི་ངོས་འཛིན་བྱས་པ་རེད།

    “གྱོད་གཞི་དེའི་ཞུ་གཏུག་དང་ཁྲིམས་བཅད་ལས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་རིགས་ལ་ཉེན་བརྡ་བཏང་བ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་དྲན་སྐུལ་བྱས་ཡོད། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་དང་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་སྔར་བས་ཡག་པོ་ཁུར་ནས། བོད་ཀྱི་སྣོད་བཅུད་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་འགན་འཁུར་མཁན་ཨུ་ཡོན་ཧྲེན་ཞའོ་ཏིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།