དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ལྷོ་ཁས་ལྗང་མདོག་སྣོད་བཅུད་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་རོགས་རམ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-08-29

     ཨན་ཧུའེ་དང་། ཧུའུ་པེ། ཧའེ་ནན་བཅས་ཀྱི་མ་དངུལ་འཇོག་མཁན་70ལྷག་གིས་སྤྲོ་སྣང་ཆེན་པོས་ལྷོ་ཁ་གྲོང་ཁྱེར་གྱི་ལེགས་ལྡན་ཐོན་ཁུངས་ངོ་སྤྲོད་བྱེད་པའི་དྲིལ་བསྒྲགས་བརྙན་ཐུང་ལ་ལྟ་བཞིན་ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་དང་རྣམ་གྲངས་སྐོར་བློ་འདྲི་བྱེད་བཞིན་འདུག འདི་ནི་ཚེས་27ཉིན་གསར་འགོད་པས་ཀྲུང་གོ་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ཚོང་འགུགས་མ་འདྲེན་འདུ་ཚོགས་ནས་མཐོང་བའི་གནས་ཚུལ་རེད།

    ཟླ་8ཚེས་26ཉིན་ཚོགས་འགོ་ཚུགས་པའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ཐོག ལྷོ་ཁ་གྲོང་ཁྱེར་གྱིས་རྣམ་གྲངས་14ལ་མིང་རྟགས་བཀོད་པ་དང་། འདོད་འདུན་གྱི་མ་དངུལ་སྒོར་དུང་ཕྱུར་40.5ཟིན་པར་གཙོ་བོ་རླངས་འཁོར་ཉོ་ཚོང་དང་། མཛོད་འཇུག་ཟོག་འགྲེམས། སྒྲིག་སྦྱོར་རྣམ་པའི་བཟོ་བཀོད། འཛུགས་སྐྲུན་རྒྱུ་ཆ་གསར་པ། ཞིང་ལས་གསར་སྤེལ། རླུང་ཤུགས་གློག་འདོན་སོགས་ཀྱི་རྣམ་གྲངས་དང་འབྲེལ་བ་ཡོད་པ་རེད།

    ལྷོ་ཁའི་བྱང་ལྷ་ས་དང་། ཤར་ཉིང་ཁྲི། ནུབ་གཞིས་རྩེ་བཅས་དང་སྦྲེལ་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་7.93དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3700ཟིན་པ། ས་རྒྱུ་གཤིན་ལ་རྩྭ་ས་ཆེན་པོ་ཡོད་པས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་བལྟོས་བཅས་ཀྱིས་མཐོ་པོ་ཡོད།

    “ལྷོ་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ལྷག་པར་དུ་ལྷུན་རྩེ་རྫོང་གི་ནས་ནག་ལ་ནང་སའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ངས་བོད་ཀྱི་ལྗང་མདོག་ཐོན་ལས་ལ་མ་དངུལ་གཏོང་འདོད་ཡོད”ཅེས་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ཚོང་འགུགས་མ་འདྲེན་འདུ་ཚོགས་ཐོག་ཧའེ་ནན་གྱི་ཚོང་པ་ཝང་ཧའོ་ལེ་ཡིས་བཤད་པ་དང་། ཁོང་གིས་ཞིང་ལས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར་1.5གཏོང་རྒྱུ་ཡིན་པ་རེད།

    ལྷོ་ཁ་གྲོང་ཁྱེར་དཔལ་འབྱོར་མཉམ་ལས་ཅུས་ཀྱི་ཅུས་ཀྲང་ལིའུ་ཞུའེ་དབྱིན་གྱིས། ཐེངས་འདིའི་བྱེད་སྒོར་ཁྱོན་རྣམ་གྲངས་38བཏོན་པར་མ་དངུལ་སྒོར་དུང་ཕྱུར་280.8ཟིན་པ་དང་། དེའི་ནང་ལྗང་མདོག་ཞིང་འབྲོག་ལས་སོགས་ལྗང་མདོག་ཐོན་ལས་རྣམ་གྲངས་ཚུད་ཡོད། ལྗང་མདོག་སྣོད་བཅུད་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རེ་བྱེད་ཀྱི་ཡོད། འདི་ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་གཙང་བྱང་ཁུལ་གསར་དུ་དེང་རབས་ཀྱི་སྒྲིག་བཀོད་ཡོད་པའི་ཞིང་ལས་ཐོན་ལས་གླིང་དང་མུའུ་ཁྲི་2ཟིན་པའི་འབྲོག་རྩྭའི་རྟེན་གཞི་བཙུགས་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་འབྲེལ་ཡོད་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་རེད་ཅེས་བཤད།

    ལྷོ་ཁ་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཡིའུ་ཧྭ་ཡིས། ང་ཚོས་དྭངས་གཙང་ནུས་རྒྱུ་དང་། ལེགས་ལྡན་གཏེར་ལས། འཛུགས་སྐྲུན་རྒྱུ་ཆ། སྣོད་བཅུད་ཞིང་འབྲོག་དང་ལྗང་མདོག་བཟའ་བཅའ། མི་རིགས་ལག་ཤེས། རིག་གནས་ཡུལ་སྐོར། ཚོང་དོན་ཟོག་འགྲེམས་སོགས་ཐོན་ལས་ཆེན་པོ་དགུ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་ཆབས་ཅིག ས་ཆར་ཞིབ་བཤེར་མཆན་འགོད་སོགས་ཀྱི་ལྷུ་ཚིགས་ནས་འགོ་བརྩམས་ཏེ་ཡིད་དབང་འགུགས་ཤུགས་སྔར་བས་ཆེ་བའི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་མགྱོགས་མྱུར་འདོན་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།