དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དྲུག་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-28

    ཚེས་26ཉིན“དུས་རབས་གསར་པའི་དཔལ་ལ་འཁྱུད། བདེ་སྐྱིད་ལྡན་པའི་གཞིས་ཀ་རྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དྲུག་པ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་སུང་མཛད་སྒོར་ཞུགས་པ་དང་། ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་ཧའེ་པོ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་རྣམ་གཉིས་ཀྱིས་ཁག་སོ་སོར་ཤིས་ཚིག་སྒྲོན་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་གྱིས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།  ཧྲན་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་སུའེ་ལེན་དང་། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀ་པིང་ཏ·པཱ་ཧེ་ཏོའར·གའར་ཅི། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་པ་སངས་དོན་གྲུབ། ཚེ་རིང་། སྐལ་བཟང་ཚེ་རིང་། བསམ་གྲུབ། ཕུན་ཚོགས། མཚམས་ཆུང་བཅས་མཛད་སྒོར་ཕེབས་ཡོད་པ་རེད།

    ཀྲང་ཡན་ཆིང་གིས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་འོག་གཞིས་རྩེ་གྲོང་ཁྱེར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བྱུང་ཡོད། འདི་ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཧེ་ལུང་ཅང་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་ཐུན་མོང་ཐོག་གཉེར་ཞིང་། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་བྱ་རྒྱུ་གཙོ་རྐང་དུ་བྱས་པ་དང་། རི་ཆུར་བརྟེན་ནས་བརྩེ་སེམས་བརྒྱུད་སྤྲོད་དང་། རིག་གནས་ལ་བརྟེན་ནས་གྲོགས་པོ་བསྒྲིགས་ཏེ་ཕྱོགས་མང་པོའི་ཐོག་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་ལྗོངས་མཛེས་ཤོས་དང་། ཉམས་འགྱུར་ཡག་ཤོས། ཁོར་ཡུག་བཟང་ཤོས། ཞབས་ཞུ་ལེགས་ཤོས་བཅས་མངོན་པ་བྱས་ཡོད་ཅེས་གསུངས་པ་རེད།

    ཁྲེན་ཧའེ་པོ་ཡིས་སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཧེ་ལུང་ཅང་གི་རིག་གནས་བྱེད་སྒོ་རབ་དང་རིམ་པ་དང་གཞིས་རྩེའི་དམངས་སྲོལ་རིག་གནས་མཉམ་འདྲེས་གཏིང་ཟབ་བྱས་ཏེ“ཧེ་ལུང་ཅང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཏེ་གཞིས་རྩེས་ཕྱི་ཕྱོགས་དང་མཉམ་ལས་སྤེལ་རེས་བྱ་རྒྱུར་སྐུལ་འདེད་དང་ཞི་མཐུན་དང་། ཤེས་དཔལ། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་གཞིས་རྩེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།