དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷོ་ཁ་གྲོང་ཁྱེར་གྱིས“སྣོད་བཅུད་ལས་དོན”ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-26

    ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱི་གོང་འོག་ཚང་མས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཤིན་ཏུ་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་བཅས་དང་སྣོད་བཅུད་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་མཛེས་སྡུག་ལྡན་པའི་ལྷོ་ཁ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་སྟེ“སྣོད་བཅུད་ལས་དོན”ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ནས་མི་དམངས་མང་ཚོགས་རྣམས“སྣོད་བཅུད་བཟང་བའི”ཁོར་ཡུག་ཁྲོད་བདེ་སྡོད་ལས་བརྩོན་ཡོང་བ་བྱས་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ལ་གདེང་འཇོག་བྱེད་པའི་ལམ་ལུགས་དང“དུས་གཅིག་ཏུ་གསུམ”གྱི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་ཁོར་ཡུག་སྲུང་སྐྱོང་གི“ཞིབ་བཤེར་ཆེན་པོ་གསུམ”བྱས་ཏེ་ཁོར་ཡུག་གི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་བྱས་པའི་སྙན་ཞུ་ཁྱོན་80ལ་ཞིབ་མཆན་བཀོད་པ་དང་། ཞིབ་བཤེར་རྩིས་ལེན་གྱི་མཆན་བཀོད་བཀའ་ལན་8གཤམ་བསྒྲགས་བྱས་པ། “12369”ཡི་ཧྲི་ཀྲང་གི་ཐད་གཏོང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞུ་གཏུག་ཁ་པར་འབྱོར་ཐེངས་20ཐག་བཅད་ནས་ལས་དོན་ཐག་གཅོད་བྱུང་ཚད་100%ཟིན་པ། སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་598མེད་པར་བཟོས་པ། རྒྱལ་ཁབ་ཀྱི་ཚོད་འཛིན་ཁེ་ལས་7དང་རང་སྐྱོང་ལྗོངས་ཀྱི་ཚོད་འཛིན་ཁེ་ལས་6གི་བཙོག་འབུད་ཆོག་འཐུས་ལག་ཁྱེར་ཞིབ་དཔྱད་བྱས་རྗེས་སྤྲད་དེ་སྣོད་བཅུད་དམར་ཐིག་སྔར་བས་བསྲུངས་ཡོད་པ་རེད།

    དེ་དང་ཕྱོགས་མཚུངས་ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་ཐོན་ལས་རིམ་སྤོར་དང་སྣོད་བཅུད་དཔལ་འབྱོར་ལ་དམ་འཛིན་བྱེད་པ་དང་། ཅིག་ཤོས་ནས་སྣོད་བཅུད་བཅོས་སྐྱོང་དང་ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ་ནམ་མཁའ་གཡའ་དག་པ་དང་། ཆུ་དྭངས་བ། ས་གཞི་སྔོ་བ་བཅས་ཀྱི“བྱ་སྤྱོད་ཆེན་པོ་གསུམ”དང་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་མུ་མཐུད་ལག་ལེན་བསྟར་ནས་ཐོན་ལས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ལག་ལེན་དུ་འཁྱོལ་ཐུབ་པའི་ལམ་དུ་བསྐྱོད་ཡོད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱི་མིའི་ཐབས་ལ་བརྟེན་ནས་ནགས་ཚལ་ཁྱོན་མུའུ་ཁྲི་150ལྷག་སྲུང་སྐྱོང་ཐུབ་པ་དང་ནགས་ཚལ་ཁྱབ་ཚད་24.79%ཟིན་ནས་ཆུ(མཚོ)དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་ལ་སྤེལ་བའི་དཔེ་སྟོན་ཁུལ་གཞི་རྩའི་ཆ་ནས་བསྐྲུན་ཡོད། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“ལེ་དབར་བརྒྱ་ཡི་སྣོད་བཅུད་བར་ཁྱམས”དང་། གྲོང་གསེབ་ཀྱི“འགྲམ་བཞིའི”ཤིང་འཛུགས། ཡར་འབྲོག་གཡུ་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཡར་ཀླུང་གཙང་པོའི་ཆུ་འགོ་བཅོས་སྐྱོང་། གྲོང་གསེབ་ཀྱི་འཐུང་ཆུའི་འགོ་ཁུངས་སྲུང་སྐྱོང་སོཌ་ཀྱི་འདུ་འགོད་ལ་སྐུལ་འདེད་མགྱོཌ་པོ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུཌ་སྐྱོང་གི་གྲུབ་འབྲས་ཟམ་མི་ཆད་པར་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།