དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ། ཡུལ་སྐོར་ལ་བརྟེན་ནས་ཚོང་ལས་དར་རྒྱུར་སྐུལ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-08-26

    ཉེ་བའི་ལོ་ཤས་རིང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་གིས་ཡུལ་སྐོར་རིག་གནས་དུས་ཆེན་སྣ་ཚོགས་གཉེར་ཏེ་ས་གནས་ཁག་གི་རིག་གནས་ཀྱི་ནང་དོན་ཟབ་མོ་དང་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་མངོན་པ་དང་དུས་མཚུངས། རྫོང་དང་ཆུས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་མངོན་པ་དང་། གཞིས་རྩེའི་མི་དམངས་ཀྱི་ཤེས་དཔལ་ཡར་ཐོན་དང་། འབད་འབུངས་ཡར་བརྩོན། མགྲོན་པོར་དགའ་བ་བཅས་ཀྱི་རྣམ་པ་གསར་པ་གཅིག་སྡུད་ཐོག་མངོན་པར་བྱས་ཏེ། གཞིས་རྩེའི་འཕེལ་རྒྱས་ཆེད་དུ་མི་སེམས་འདུས་པ་དང་སྒུལ་ཤུགས་བསྣན་ནས་གཞིས་རྩེའི་རིག་གནས་ཡུལ་སྐོར་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་།

    542483_yis_1534830272037.jpg

    འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི་སྐབས་22པའི་ཉིང་རུའི་དངོས་ཟོག་མཐའ་མཚམས་ཚོང་དོན་རིག་གནས་སྤེལ་རེས་འདུ་ཚོགས་འཚོག་ཡུལ་ཡིན་པ།

    542482_yis_1534830271242.jpg

    འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེའི་སྐབས་དྲུག་པའི་བོད་ལྗོངས་སྟོད་གཞས་ཀྱི་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འདུས་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།