དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཧོ་ལན་ཡུལ་སྐོར་བ་ཞིག་གི་མིག་ལམ་གྱི་བོད་ཀྱི་རྟ་རྒྱུག་དུས་ཆེན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-08-25

    བོད་ལྗོངས་གཞིས་རྩེའི“ཇོ་མོ་གླང་མའི་ལྷ་མོ”ཡི་དཔྱད་འདེམས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་མཇུག་འགྲིལ་བ།

    ཟླ་8ཚེས་22ཉིན“ཇོ་མོ་གླང་མའི་ལྷ་མོའི”ཡུལ་སྐོར་གཟུགས་བརྙན་གྱི་ཕོ་ཉའི་དཔྱད་འདེམས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པའི་མཐའ་བསྡུར་གཞིས་རྩེ་ཟློས་གར་ཁང་དུ་བྱས་པ་རེད། བྱེད་སྒོའི་དམིགས་ཡུལ་ནི་གཞིས་རྩེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གཟུགས་བརྙན་གྱི་མཚོན་བྱེད་མི་སྣ་དཔྱད་འདེམས་བྱས་ཏེ་གཞིས་རྩེའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་གཟུགས་བརྙན་ཡག་པོ་ཞིག་འགྲེམས་སྟོན་བྱ་ཆེད་ཡིན་ཞིང་། 

    འདི་ནི་བོད་ལྗོངས་གཞིས་རྩེར་བདམས་ཐོན་པ་ཚོས“ཇོ་མོ་གླང་མའི་ལྷ་མོའི”ཡུལ་སྐོར་གཟུགས་བརྙན་གྱི་ཕོ་ཉའི་དཔྱད་འདེམས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་མཐའ་བསྡུར་ལ་ཞུགས་པའི་གནས་ཚུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་གྱི་སྨི་ཁྲིའི་རྒྱང་རྒྱུག་རྟ་རྒྱུག་འགྲན་བསྡུར་ཡངས་ཤིང་རྒྱ་ཆེའི་རྩྭ་ཐང་དུ་སྤེལ་བ་དང་། ཚེས་8ཉིན་འགོ་ཚུགས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་ཚུད་པའི་རྩྭ་ཐང་གི་འདུ་ཚོགས་གཟབ་རྒྱས་དེར་མཐའ་འཁོར་ཤང་གྲོང་གི་ཞིང་འབྲོག་མང་ཚོགས་ཁྲི་ཁ་ཤས་སླེབས་ཡོད་ལ། གཡོད་ལུན་སོགས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཡང་སླེབས་ཡོད་པ་རེད།

    གཡོད་ལུན་གྱིས་གསར་འགོད་པར་ཁོང་དང་དགའ་གྲོགས་ལྷ་ས་ནས་ཐོན་ཏེ་ཆེད་མངགས་འདམ་གཞུང་རྫོང་དུ་རྟ་རྒྱུག་ལ་ལྟ་བར་ཡོང་བ་ཡིན། དེ་རྗེས་ང་གཉིས་ནེ་པ་ལར་འགྲོ་མཁན་ཡིན་ཞེས་བཤད།

    གཡོད་ལུན་དང་དགའ་གྲོགས་ཀྱིས་ཡུལ་སྐོར་ཕྱོགས་སྟོན་ནས་འདམ་གཞུང་རྫོང་དུ་རྟ་རྒྱུག་བྱེད་སྒོ་ཡོད་པ་མཐོང་ནས་ཉིན་ཁ་ཤས་ཀྱི་གོང་ནས་ལྷ་ས་དང་བྱང་རྩྭ་ཐང་གི་མཚམས་སུ་གནས་པའི་འདམ་གཞུང་རྫོང་དུ་བསྐྱོད།

    གཡོད་ལུན་གྱིས་ང་ཚོའི་བསམ་པར་དེ་ནི་ཡུལ་སྐོར་བར་ཆེད་མངགས་བཀོད་སྒྲིག་བྱས་པའི་བྱེད་སྒོ་ཞིག་མིན་ནམ་སྙམ་བྱུང་། འོན་ཀྱང་དེ་གར་སླེབས་སྐབས་དེ་འདྲ་མ་ཡིན་པར་དངོས་གནས་དྲང་གནས་ཀྱི་འགྲན་བསྡུར་དུས་ཆེན་ཞིག་རེད་འདུག་ཅེས་བཤད།

    ཡུལ་དེའི་འབྲོག་པས་གསར་འགོད་པར་དབྱར་དུས་བོད་ཀྱི་ཞིང་ཁུལ་དུ་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་འོང་སྐོར་གཏོང་སྲོལ་ཡོད་པ་དང་འདྲ་བར། འབྲོག་ཁུལ་དུ་རྟ་རྒྱུག་འགྲན་བསྡུར་བྱེད་སྲོལ་ཡོད་ཅེས་བརྗོད་བྱུང་།

    གཡོད་ལུན་གྱིས“འགྲན་བསྡུར་བྱེད་སྐབས་རྟ་པ་ཚོས་མི་རིགས་ཀྱི་གཟབ་མཆོར་སྤྲས་པ་དང་ལྟད་མོ་བ་ཚོས་ཀྱང་ལུས་ལ་གཟབ་མཆོར་སྤྲས་འདུག་པས་ཚང་མ་ཡིད་དབང་འཕྲོག་ནུས་པ་ཞིག་འདུག”ཅེས་བཤད།

    དགའ་གྲོགས་དང་འཛམ་གླིང་གི་ས་ཕྱོགས་གང་སར་སྐྱོད་མྱོང་བའི་གཡོད་ལུན་གྱིས་ཡོ་རོབ་དང་ཨ་རིར་རྟ་རྒྱུག་འགྲན་བསྡུར་ལ་ལྟ་མྱོང་ཡོད་མོད། འོན་ཀྱང་བོད་ནང་བཞིན་སྲོལ་རྒྱུན་གྱི་རྣམ་པ་ཟབ་མོ་འདི་འདྲ་མི་འདུག ཧོ་ལན་དུ་རྟ་རྒྱུག་གློད་སྐབས་སྔོན་ཚུད་ནས་གྲ་སྒྲིག་བྱས་ཟིན་པ་ཞིག་ཡིན་ཙང་ལྟད་མོ་ཆེན་པོ་དེ་འདྲ་མི་འདུག བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྔར་བཞིན་གསོན་ཤུགས་ཆེན་པོ་ལྡན་འདུག”ཅེས་བཤད།

    འདམ་གཞུང་གི་འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་ལ་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། 2008ལོའི་ཟླ་6པར་དུས་ཆེན་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།