དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་དུ་ཡུལ་སྐོར་བྱེད་མང་བའི་དུས་སུ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-08-10

    540571_yis_1533793273381_s.jpg

    ཟླ་8པ་སླེབས་ཚུན། བོད་ཀྱི་ས་གནས་ཁག་ཏུ་དམངས་སྲོལ་དུས་ཆེན་གཏོང་འགོ་ཚུགས་པ་དང་བོད་དུ་ཡུལ་སྐོར་བྱེད་མང་བའི་དུས་སུ་སླེབས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། འདི་ལོའི་ལོ་སྟོད་དུ་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1115.61ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་མི་ཐེངས་ཁྲི་300ལྷག་ཙམ་མང་དུ་ཕྱིན་ནས་འཕར་ཚད་29.6%ཟིན་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་124.68ཟིན་ནས་དུས་མཚུངས་ལས་34.7%འཕར་ཡོད་ཅིང་། འདི་ནི་ཟླ་8ཚེས་8ཉིན་ཡུལ་སྐོར་བས་བོད་ཆས་གྱོན་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།