དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཛེས་སྡུག་ལྡན་པའི་ལྷ་སའི“བཀོད་པ་ཆེན་པོ”རགས་ཙམ་ཆགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-07

    ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལས་འགན་ལ་དམ་པོར་དམིགས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་མང་པོའི་ཐད་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ་དང་ཁྱབ་ཁོངས་མང་པོར་མཐུན་སྦྱོར་མཉམ་བཅོས་བཅས་བྱས་ཏེ་རླངས་ཆུ་ས་གསུམ་བཅོས་སྒྲིག་བྱེད་པའི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་པས་མཛེས་སྡུག་ལྡན་པའི་ལྷ་སའི“བཀོད་པ་ཆེན་པོ”རགས་ཙམ་ཆགས་པ་རེད།

    “ལྗོན་ཤིང་མེད་པའི་དུད་ཚང”ལ་ལྗོན་ཤིང་ཡོད་པ་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས“ལྗོན་ཤིང་མེད་པའི་དུད་ཚང”17284(ལས་འགན་སྤྱི་འབོར་གྱི་92.5%)ལ་ལྗོན་ཤིང་ཡོད་པ་བྱས་པའི་ཁྲོད“ལྗོན་ཤིང་མེད་པའི་དུད་ཚང”གི་རྫོང(ཆུས)9ལ་ལྗོན་ཤིང་བཏབ་པ་དང་འདམ་གཞུང་རྫོང་གི་དུད་ཚང་2687ལ་ལྗོན་ཤིང་ཡོད་པ་དང་ དེ་བྱིངས་ཀྱི“ལྗོན་ཤིང་མེད་པའི་དུད་ཚང”1395ཡིས་དཀའ་ངལ་ཁྱད་དུ་བསད་དེ་ལྗོན་ཤིང་འདེབས་བཞིན་ཡོད་པ་རེད།

    སྦགས་བཙོག་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་འཐུང་ཆུ་མཁོ་འདོན་དང་བཙོག་ཆུ་ཕྱིར་འབུད་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ལས་དོན་ཧུར་ཐག་སྤེལ་བ་དང་གླིང་ཕྲན་གཉིས(ཉི་འོད་གླིང་ཕྲན་དང་ལྷ་ཞབས་གླིང་ཕྲན)ཀྱི་གྲོང་ཁྱེར་འཛུགས་སྐྲུན་རྨང་གཞིའི་སྒྲིག་བཀོད་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་བཏང་བར་རིམ་རྩིས་བརྒྱབ་ན་ལས་གྲྭའི་བསྡོམས་འབོར་གྱི་55%ལེགས་སྒྲུབ་ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་1.8བཏང་ཡོད་པ་རེད།

    སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་ལོ་གསུམ་གྱི་བཅོས་སྒྲིག་རྣམ་གྲངས་ལས་ཀའི་འཆར་གཞི་དང་རྣམ་གྲངས་གསལ་ཐོ་སྒྲིག་བཟོའི་ལས་དོན་ལེགས་སྒྲུབ་ཟིན་ཡོད། 2018ལོ་ནས་2020ལོའི་བར་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་རིགས་ཁག་གི་འཛུགས་སྐྲུན་རྣམ་གྲངས་ཁག་208ལག་ལེན་བསྟར་རྩིས་ཡོད་པ་དང་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་173.84ཟིན་གྱི་ཡོད་པ་རེད།

    གད་སྙིགས་རིགས་དབྱེའི་ཚོད་ལྟར་སྐུལ་འདེད་བཏང་ཞིང་། ལྷ་ས་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱིས་སྣེ་ཁྲིད་དེ《ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་འཚོལ་བསྡུ་དང་གཙང་སེལ་གྱི་ཚོད་ལྟའི་ལས་དོན་ལག་བསྟར་ཇུས་གཞི》བཟོས་ཏེ་ཧྲི་ཀྲང་གིས་ཙུའུ་ཀྲང་བྱས་པའི་འཚོ་བའི་གད་སྙིགས་རིགས་དབྱེའི་ཚོད་ལྟའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གྲུབ་ཡོད། མིག་སྔར་འབྲེལ་ཡོད་སྡེ་ཚན་གྱིས་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་སྟེ་འཚོ་བའི་གད་སྙིགས་རིགས་དབྱེའི་སྒྲིག་ཆས་དང་འཚོལ་བསྡུའི་འཁོར་རིགས་ཉོ་སྒྲུབ་བྱས་ཡོད། 2018ལོའི་ཟླ་5པའི་བར་འགྱིག་ཤོག་དང་། ལྕགས་རིགས། ཤོག་བུ། ཤེལ་སྒོ་སོགས་ཚུར་བསྡུ་ཆོག་པའི་རིགས་དབྱེའི་འཚོ་བའི་གད་སྙིགས་སྤྱི་རྒྱ་473.12ཚོད་ལྟ་ལེགས་སྒྲུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།