
དབྱར་ཁར་བོད་ལ་མང་ཚོགས་ཀྱིས་གླིང་ཁ་གཏོང་བའི་སྲོལ་ཞིག་ཡོད་ཅིང་། གླིང་ཁ་གཏོང་བའི་ཉིན་དེར་ཁྱིམ་གྱི་ནང་མི་རྒན་གཞོན་ཀུན་གྱིས་ཇ་དང་། ཤ་སྐམ་པོ། ཁ་ཟས། བྱི་རིལ་སོགས་གྲ་སྒྲིག་ཨང་གསར་བྱས་ཏེ་ཉེ་འཁོར་གྱི་རི་སྔོ་ཆུ་དྭངས་ཡོད་སར་ཡོང་ནས་རང་བྱུང་ཁམས་དང་ཉེ་བར་བཅར་ཏེ་མཉམ་འཛོམས་ཀྱི་དུས་བཟང་ཞིག་སྐྱེལ་གྱི་ཡོད། འདི་ནི་ལྷ་སའི་ཉེ་འཁོར་དུ་ཡོད་པའི་དཔལ་སྡིངས་གྲོང་ཚོར་གཟའ་མཇུག་ཏུ་མང་ཚོགས་ཀྱིས་ཆུ་འགྲམ་དུ་གུར་ཕུབ་ནས་གླིང་ཁ་གཏོང་བ།