དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ལ་ལྟད་མོ་ཆེ་བའི་རྣམ་གྲངས་མང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-31

    ཚེས་29ཉིན་ནི་མངའ་རིས་ས་ཁུལ་གྱི་སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཉིན་གཉིས་པ་ཡིན་ཞིང་། སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་གཟབ་རྒྱས་ངང་གཉེར་ནས་ལས་རིགས་ཁག་གི་མགྲོན་པོ་དང་ལས་བྱེད་མང་ཚོགས་ཁྲི་2.7ལྷག་ལ་སྲོལ་རྒྱུན་གྱི་ལུས་རྩལ་གྱི་སྟོན་མོ་ཆེན་པོ་ཞིག་བཤམས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རྟ་རྒྱུག་འགྲན་བསྡུར་ལ་བང་རྩལ་འགྲན་པ་དང་། རྟ་འགྲོས། རྟ་ཐོག་ནས་ཁ་བཏགས་དང་སོ་ཕག་སྒྲུག་པ། མདའ་འཕེན་དང་རྟ་རྩལ་བཅས་འགྲན་བསྡུར་རྣམ་གྲངས་5བཀོད་སྒྲིག་བྱས་ཡོད་ཅིང་། ལུས་རྩལ་པ་151དེའི་ནང་ཞུགས་པ་མ་ཟད། འགྲན་བསྡུར་གྱི་རྣམ་གྲངས་དང་། འགྲན་ཞུགས་བདམས་ཐོན་པ། ལྟད་མོ་བའི་གྲངས་འབོར་བཅས་གང་ས་ཅི་ཐད་ནས་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།