དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བསམ་ཡས་ཀྱིས་སྣོད་བཅུད་ལྗང་མདོག་གི་གྲོང་སྡེ་ཆུང་ངུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-26


    535422_yis_1532494493645.jpg

     འདི་ནི་བསམ་ཡས་གྲོང་ལྷན་གྱི་གྲོང་མི་ལྷ་མོ(གཡས)དང་བཟའ་ཟླ་ལིའུ་ཞུའེ་ཚའེ་ཡིས་ནན་ཀཱ་བཀོག་པའི་གནས་ཚུལ་ཡིན་པ།

    535419_yis_1532494489761.jpg

    འདི་ནི་ཟུར་མཁར་གྲོང་ལྷན་གྱི་གྲོང་མི་ཀྲི་ཀྲང(གཡོན)གིས་འབྲི་ཏ་ས་འཛིན་ལ་ཡལ་བཞུར་རྒྱག་པའི་གནས་ཚུལ་ཡིན་པ།

    535420_yis_1532494490650.jpg

    འདི་ནི་དབྱི་ལི་ཐོན་ལས་གླིང་གི་ཁམ་སྡོང་སྐྱེ་འཚར་ལེགས་པ།

    འོས་འགན་ཤིང་འཛུགས་ནས་ཚན་རིག་དང་མཐུན་པའི་ངང་བྱེ་འགོག་བྱེ་བཅོས་བར།

    འདི་ལོ་ལོ་76ལ་སླེབས་པའི་ཚེ་རིང་བསམ་གྲུབ་ནི་བསམ་ཡས་གྲོང་རྡལ་འཕེལ་རྒྱས་ཀྱི་དཔང་པོ་ཞིག་རེད། ལོ་10ལ་སླེབས་སྐབས་ལྷོ་བྲག་རྫོང་ནས་བསམ་ཡས་གྲོང་རྡལ་དུ་སྤོས་རྗེས་ཁོང་བསམ་ཡས་གྲོང་རྡལ་གྱི་བྱེ་རླུང་འགོག་བཅོས་འཐབ་རྩོད་རབ་དང་རིམ་པའི་བརྒྱུད་རིམ་ནང་ཞུགས་པ་དང་དེའི་དཔང་པོ་ཆགས་ཡོད།

    བགྲེས་སོང་ཚེ་རིང་བསམ་གྲུབ་འཚོ་སྡོད་སར་བསམ་ཡས་གྲོང་ལྷན་ཟེར་བ་དང་། དེ་ནི་བསམ་ཡས་གྲོང་རྡལ་སྲིད་གཞུང་གནས་ཡུལ་རེད། ཁོང་གིས་གསར་འགོད་པར་སྔོན་ཆད་ཀྱི་བསམ་ཡས་གྲོང་རྡལ་ཧ་ཅང་ཆུང་ཆུང་ཞིག་ཡིན་ལ། མང་ཚོགས་ཀྱང་དགོན་པའི་མཐའ་འཁོར་དུ་སྡོད་ཀྱི་ཡོད་ཅེས་བཤད།

    དེ་གར་འཚོ་སྡོད་བྱེད་རྐྱེན་ནི་མཐའ་འཁོར་གྱི་ཁོར་ཡུག་ཞན་སྟབས་འཚོ་ཐབས་བྲལ་བས་རེད། སྐབས་དེ་དུས་བསམ་ཡས་དགོན་པའི་མཐའ་འཁོར་དུ་ལྗོན་ཤིང་ཐར་ཐོར་ཡོད་པ་ཕུད་ཡར་ཀླུང་གཙང་པོའི་ངོགས་སུ་རྩྭ་ངན་དང་ཚེར་མ་ཤ་སྟག་རེད། ཚེ་རིང་བསམ་གྲུབ་ཀྱིས“དེ་བས་ཚབས་ཆེ་བ་ཞིག་ནི་རླུང་འཚུབ་དྲག་པོ་བརྒྱབ་རྗེས་ལོ་ཏོག་རྣམས་བྱེ་མས་སྣུབ་ཀྱི་ཡོད། བྱེ་མའི་གནོད་འཚེ་ཡང་ཡང་ཕོག་སྟབས་ཞིང་པ་ཚོའི་ས་ཞིང་གི་རྒྱ་ཁྱོན་ཆུང་དུ་སོང་བ་དང་ཐོན་འབབ་ཉུང་དུ་སོང་བས་བསམ་ཡས་བ་ཚོ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་དབུལ་ཕོངས་སུ་གྱུར་ཡོད”ཅེས་བཤད།

    ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་ལྗོན་ཤིང་འཛུགས་དགོས། འོན་ཀྱང་དེ་ནི་ལས་སླ་པོ་ཞིག་ག་ལ་ཡིན།

    “དཀའ་ལས་ག་ཚོད་ཁག་ཀྱང་ལྗོན་ཤིང་འཛུགས་དགོས་ངེས་རེད”ཅེས་བགྲེས་སོང་ཚེ་རིང་བསམ་གྲུབ་ཀྱིས་གསར་འགོད་པར་བཤད། ལོ་ལྟར་དཔྱིད་ཀ་ཡོལ་ནས་ཆར་ཆུ་འབེལ་དུ་སོང་རྗེས་གྲོང་ཚོ་དེ་ཡོངས་ཀྱི་ལོ་ན་རྒན་གཞོན་ཚང་མས་ངལ་རྩོལ་ནུས་ཤུགས་ཆེ་ཆུང་ལ་གཞིགས་ནས་ཚོགས་ཆུང་བགོས་ཏེ་ལྗོན་ཤིང་འཛུགས་པའི་ལས་ལ་བྲེལ་འགོ་ཚུགས་ཀྱི་ཡོད།

    “ཤིང་སོན་ནི་རྒྱ་ལྕང་གི་ཡལ་ག་རེད”བགྲེས་སོང་ཚེ་རིང་བསམ་གྲུབ་ཀྱིས“སྐབས་དེ་དུས་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡིན་སྟབས་ད་ཆའི‘ཤིང་སོན’ཞེས་པ་དེ་འདྲ་རྩ་བ་ནས་མཐོང་རྒྱུ་མེད”ཅེས་བཤད།

    ཆ་རྐྱེན་དེ་ལྟ་བུའི་འོག་ཁོང་ཚོས་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་བཏོད་ཡོད། བགྲེས་སོང་ཚེ་རིང་བསམ་གྲུབ་ཀྱིས་སྤོབས་པ་ཆེན་པོའི་སྒོ་ནས་གསར་འགོད་པར། 1991ལོ་ནས་2009ལོར་བར་གྱི་ལོ་18རིང་རང་ཉིད་ཀྱིས་བསམ་ཡས་གྲོང་ལྷན་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་2.4བྱས་པ་ཡིན་ཞེས་བཤད།

    ལྗོན་ཤིང་བཙུགས་པས་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་ཙམ་མ་ཟད། ད་དུང་མང་ཚོགས་ལ་དཔལ་འབྱོར་གྱི་ཡོང་འབབ་ཀྱང་བྱུང་ཡོད། 2005ལོ་ནས་བཟུང་། བསམ་ཡས་གྲོང་ལྷན་གྱིས་འཆར་གཞི་ཡོད་པའི་སྒོ་ནས་ཤིང་བཅད་དེ་ལྕམ་ཤིང་ཕྱིར་ཚོང་བྱས་པས་མང་ཚོགས་དགའ་ཚོར་ཆེན་པོ་བྱུང་བ་དང་། “སྔོན་ཆད་ང་ཚོ་ཁང་པ་རྒྱག་སྐབས་ཀྱི་ལྕམ་ཤིང་རྣམས་ཐག་རིང་དུ་ནས་སྤྱི་རྒྱ་14ལ་ལྕམ་རྐང་རེ་བརྗེ་པོ་རྒྱག་པར་འགྲོ་དགོས་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    2017ལོར་གྲ་ནང་རྫོང་གིས་ནང་སོག་ཀུ་ཁུ་པུ་ཆི་ནས་བྱེ་འགོག་བྱེ་བཅོས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་དབྱི་ལི་ཚོགས་པ་བསམ་ཡས་གྲོང་རྡལ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་འགོག་བྱེ་བཅོས་བྱེད་པར་གདན་དྲངས། བསམ་ཡས་གྲོང་རྡལ་གྱི་མང་ཚོགས་ཚོའི་ཆུ་བོ་དྭངས་ཤིང་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་བའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུ་དང་བར་ཐག་ཉེ་རུ་སོང་།

    སྲོལ་རྒྱུན་གྱི་ཞིང་ལས་ནས་དེང་རབས་སྣོད་བཅུད་ཐོན་ལས་བར།

    ཚན་རིག་དང་མཐུན་པའི་བྱེ་འགོག་བྱེ་བཅོས་ལས་བྱུང་བ་ནི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་པ་ཙམ་མ་ཟད། བསམ་ཡས་གྲོང་རྡལ་གྱི་སྲོལ་རྒྱུན་ཞིང་ལས་དེ་དེང་རབས་སྣོད་བཅུད་ཐོན་ལས་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མའང་ཐེབས་ཡོད་པ་རེད།

    “ཁེ་ལས་བཅའ་སྡོད་བྱས་རྗེས་མང་ཚོགས་རྣམས་བྱེ་འགོག་བྱེ་བཅོས་ནས་རིམ་བཞིན་ཕྱིར་འཐེན་བྱས་པ་མ་ཟད། ལས་ཞུགས་ཐུབ་ནས་དཔལ་འབྱོར་ཡོང་འབབ་འཕར་ཡོད”གྲ་ནང་རྫོང་ཨུད་ཀྱི་རྒྱུན་ཨུ་བསམ་ཡས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་སྟོབས་རྒྱལ་གྱིས“ཁོང་ཚོའི་ལག་རྩལ་དང་ཉམས་མྱོང་ནི་དངོས་འབྲེལ་སྔོན་ཐོན་ཞིག་རེད”ཅེས་བཤད།

    བསོད་ནམས་སྟོབས་རྒྱལ་གྱིས་ཡང་ཡང་བརྗོད་པའི་ཆུ་རླུང་ཐབས་ཀྱི་ཤིང་འཛུགས་ལག་རྩལ་ནི་དབྱི་ལི་ཚོགས་པས་བྱེ་འགོག་བྱེ་བཅོས་ཁྲོད་ཤེས་རྟོགས་ཐུབ་པའི་གསར་གཏོད་ཅིག་རེད། ལག་རྩལ་དེ་ནི་ཆུ་མདའ་བརྒྱབ་ནས་འདེབས་འཛུགས་དང་ཆུ་འདྲེན་གྱི་ལས་རིམ་གཉིས་གཅིག་ཏུ་བསྡུས་པས་ཤིང་འཛུགས་ཀྱི་ལས་ཆོད་དང་གསོན་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལག་རྩལ་དེ་རིགས་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་སྡོང་ཕྲུག་དེ་དག་གསོན་ཚད་90%ཡན་དང་གནས་ཚད་80%ཡན་ཟིན་ཡོད་པ་རེད།

    རང་བྱུང་ཁོར་ཡུག་ལེགས་སུ་ཕྱིན་རྗེས་སྣོད་བཅུད་ཐོན་ལས་དེ་བསམ་ཡས་གྲོང་རྡལ་དུ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཡོད།

    གྲ་ནང་རྫོང་གི་དེང་རབས་ཞིང་འབྲོག་ལས་ཐོན་ལས་གླིང་གི་ནུས་ཆེའི་དྲོད་ཁང་དེ་བསམ་ཡས་གྲོང་རྡལ་ཟུར་མཁར་གྲོང་ལྷན་དུ་ཡོད་པ་དང་། དྲོད་ཁང་ནང་མུའུ་50ཟིན་པའི་ས་མེད་འདེབས་གསོའི་འབྲི་ཏ་ས་འཛིན་དམར་ཐིང་ཐིང་དུ་གནས་ཡོད།

    ཟླ་6ཚེས་14ཉིན་གསར་འགོད་པ་ཐོན་ལས་གླིང་དེར་སྐྱོད་སྐབས་འདི་ལོ་ལོ་48ལ་སླེབས་པའི་འཕྲིན་བཟང་འབྲི་ཏ་ས་འཛིན་ལ་ཡལ་བཞུར་རྒྱག་བཞིན་ཡོད་པ་དང་། ཁོང་གིས་གསར་འགོད་པར་རང་ཉིད་ནི་ཟུར་མཁར་གྲོང་ལྷན་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། ཐོན་ལས་གླིང་དུ་གླ་པ་བྱས་པར་ཉིན་གཅིག་ལ་གླ་ཆ་སྒོར་150ཡོད་ཅེས་བཤད།

    འདི་ལོ་ལོ་26ལ་སླེབས་པའི་བསོད་ནམས་མགོན་པོ་ནི་ཐོན་ལས་གླིང་གི་དོ་དམ་པ་ཞིག་རེད། ཁོང་གིས་གསར་འགོད་པར་ལས་བྲེལ་ཆེ་བའི་སྐབས་སུ་ཐོན་ལས་གླིང་དུ་ཉིན་གཅིག་ལ་ལས་མི་50དགོས་ཀྱི་ཡོད་ཅེས་བཤད།

    མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་ཆབས་ཅིག་ཐོན་ལས་གླིང་གི་མཉམ་སྡེབ་ཡོང་འབབ་ཀྱང་འཕར་ཡོད། ཐོན་ལས་གླིང་གིས་མུའུ་རེར་སྒོར་50བྱས་ནས་བསམ་ཡས་གྲོང་ལྷན་གྱི་ས་ཞིང་མུའུ་320བོགས་མར་བླངས་པ་དང་། མུའུ་རེར་སྒོར་300བྱས་ནས་ཟུར་མཁར་གྲོང་ལྷན་གྱི་ས་ཞིང་མུའུ་700བོགས་མར་བླངས་པར་ལོ་རེར་ས་ཞིང་གི་བོགས་དངུལ་སྒོར་ཁྲི་22.6འཇལ་གྱི་ཡོད་པ་རེད།

    གྲ་ནང་རྫོང་གི་དེང་རབས་ཞིང་འབྲོག་ལས་ཐོན་ལས་གླིང་དེ་2017ལོའི་ཟླ་3པར་སྐྲུན་འགོ་བཙུགས་པ་དང་། མུའུ་རེར་སྒོར་800བྱས་ནས་བསམ་ཡས་གྲོང་ལྷན་གྱི་ས་ཆ་མུའུ་350བོགས་མར་བླངས་ཏེ་སེའུ་དམར་ཆུང་འདེབས་རྒྱུར་སྤྱད་པ་དང་། མུའུ་རེར་སྒོར་200བྱས་ནས་བསམ་ཡས་གྲོང་ལྷན་གྱི་ས་ཆ་མུའུ་150བོགས་མར་བླངས་ཏེ་རྒུན་འབྲུམ་འདེབས་རྒྱུར་སྤྱད་པ། ས་ཆ་དེ་དག་ཚང་མ་ནི་རྩྭ་མི་སྐྱེ་བའི་ཐང་རྒོད་རང་རེད། ས་ཞིང་བོགས་གཏོང་གི་རིན་གོང་མུའུ་རེར་ལོ་རེར་སྒོར་50འཕར་ནས་ས་རྒོད་དེ“ནོར་གཞོང”ལྟ་བུར་གྱུར་ཡོད་པ་རེད།

    འགྲིམ་འགྲུལ་སྟབས་བདེ་མེད་པ་ནས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་བར།

    2017ལོའི་ཟླ་12པར་རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་བསམ་ཡས་གྲོང་རྡལ་དེ་ལྷོ་ཁ་གྲོང་ཁུལ་དང་བར་ཐག་ཉེ་རུ་ཕྱིན་པ་མ་ཟད། ལྷ་ས་གྲོང་ཁུལ་དང་ཡང་བར་ཐག་ཉེ་རུ་ཕྱིན་ཡོད།

    སྔོན་ཆད་ཀྱི་བསམ་ཡས་གྲོང་རྡལ་ནི་དེ་ལྟར་མིན། མ་གཞི་གྲ་ནང་རྫོང་གྲོང་དང་གཙང་པོ་གཅིག་གིས་ཆོད་ཀྱང་ས་ཆ་དེ་གཉིས་ཀྱི་བར་ཐག་ནི་ཧ་ཅང་རིང་པོ་ཞིག་རེད། འདི་ལོ་ལོ་57ལ་སླེབས་པའི་ཟུར་མཁར་གྲོང་ལྷན་ཚོགས་ཆུང་གཉིས་པའི་གྲོང་མི་རྣམ་གྲོལ་སྔོན་ཆད་གྲུ་པ་ཞིག་རེད། ཁོང་གིས་གསར་འགོད་པར་སྔོན་ཆད་མི་རྣམས་གྲ་ནང་རྫོང་གྲོང་དུ་སྐྱོད་པར་གྲུ་ལ་སྡོད་དགོས་ཀྱི་ཡོད། སྔ་མོ་ཀོ་གྲུ་ཡིན་པ་དང་ཕྱིས་སུ་ཤིང་གྲུ་ཡིན་པ་རེད། ཡར་ཀླུང་གཙང་པོར་དབྱར་ཁ་ཆུ་ཤུགས་ཆེ་བ་དང་དགུན་ཁ་འཁྱག་པ་ཐེབས་ནས་གྲུ་གཏོང་ཁག་པོ་ཡོད་པས་བསམ་ཡས་གྲོང་རྡལ་གྱི་མང་ཚོགས་ཚོས་འགྲིམ་འགྲུལ་སྟབས་བདེ་མེད་པའི་དཀའ་སྡུག་མང་པོ་མྱངས་ཡོད།

    2015ལོའི་ཟླ་8པར་གྲ་ནང་ཟམ་ཆེན་ཤར་གཏོང་ཐུབ་རྗེས་བསམ་ཡས་གྲོང་རྡལ་གྱི་མང་ཚོགས་ཕྱིར་སྐྱོད་ཀྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།

    བསམ་ཡས་གྲོང་རྡལ་གྱི་མང་ཚོགས་ཚོས་དགའ་ཚོར་ཆེན་པོ་བྱེད་པ་ནི་དེ་དག་ཁོ་ན་མིན་པར་འཛུགས་སྐྲུན་བྱེད་བཞིན་པའི་གོས་དཀར་ལ་ཕུག་ལམ་གྱིས་ཁོང་ཚོའི་འབྱུང་འགྱུར་ལ་རེ་བ་གསར་པ་ཞིག་སྦྱིན་རྒྱུ་ཡིན་པ་དེ་རེད། ཕུག་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་12.9ཡོད་པ་དང་། བཟོ་སྐྲུན་གྱི་འགྲོ་གྲོན་སྒོར་དུང་ཕྱུར་47.7ཟིན་པ། ཆ་སྙོམས་ཀྱི་བཟོ་སྐྲུན་འགྲོ་གྲོན་སྤྱི་ལེ་རེར་སྒོར་དུང་ཕྱུར་3.69ཟིན་ནས“ཀྲུང་གོའི་བཟོ་སྐྲུན་འགྲོ་གྲོན་མཐོ་ཤོས་ཀྱི་ཕུག་ལམ”ཞིག་རེད་ཅེས་ཤོད་རིན་ཡོད། ཕུག་ལམ་དེ་བསྐྲུན་རྗེས་བསམ་ཡས་གྲོང་རྡལ་གྱི་རྩེད་གོང་རིམ་མཐོའི་གཞུང་ལམ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་ཐད་ཀར་འབྲེལ་མཐུད་ཐུབ་རྒྱུ་རེད། སྐབས་དེར་བསམ་ཡས་གྲོང་རྡལ་གྱི་མང་ཚོགས་ལྷ་སར་སྐྱོད་པར་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་དང་། ལྷོ་ཁ་གྲོང་ཁུལ་དུ་སྐྱོད་པར་ཆུ་ཚོད་ཕྱེད་ཀ་མ་ཟིན་ཙམ། གྲ་ནང་རྫོང་གྲོང་ལ་སྐྱོད་པར་སྐར་མ་ཉི་ཤུ་ཙམ་ལས་འགོར་གྱི་མེད་པས་བསམ་ཡས་གྲོང་རྡལ་དེ་མིང་དོན་མཚུངས་པའི་འགྲིམ་འགྲུལ་ལྟེ་བར་འགྱུར་རྒྱུ་རེད།

    ད་ཆའི་བསམ་ཡས་གྲོང་རྡལ་ནི་ཁ་ཁུ་སིམ་པོའི་ཁྲོད་དར་རྒྱས་འགྲོ་བཞིན་ཡོད་པ་དང་། གྲོང་རྡལ་གྱི་གང་ས་གང་དུ་ཁྱིམ་ཚང་མགྲོན་ཁང་ཡོད་པ། བོད་ལུགས་དང་། ཀྲུང་ལུགས། ཕྱི་ལུགས་བཅས་ཀྱི་ཟ་ཁང་གང་ས་གང་དུ་མཐོང་རྒྱུ་ཡོད། མཚན་མོ་སྔོ་ཚལ་སྒོ་བསྟེན་ཚོང་ཁང་དུ་ཡོང་མཁན་མང་པོ་ཡོད་པས་མི་རྣམས་ཧ་ལས་དགོས་པ་ཞིག་ཡོད་དེ། བསམ་ཡས་གྲོང་རྡལ་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།