དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-26

    ཟླ་7ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་ཏེ། མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་པར་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་ཅུས་ཀྲང་གཞོན་པ་ལི་ཀྲེན་ཧྥང་གིས་རང་ལྗོངས་ཀྱིས《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བེད་སྤྱོད་གང་ལེགས་བྱས་ཏེ། རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ་སྔར་བས་དབྱེ་ཞིབ་དང་ཁོང་དུ་ཆུད་པར་བྱེད་པ་དང་། རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་ཞན་ཆར་ལྟ་བསྡུར། དམིགས་སའི་རང་བཞིན་གྱི་ཐབས་དང་ཇུས་འདོན་པ་བཅས་བྱས་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། 《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བེད་སྤྱོད་གང་ལེགས་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱབ་ཤ་དཀར་པོའི་དེབ་དང་ཟུང་འབྲེལ་གྱིས་དམིགས་སའི་རང་བཞིན་ལྡན་པའི་ཆེད་དོན་ལྟ་བཤེར་ལས་དོན་སྤེལ་བ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་ལམ་ལུགས་ཁག་འཛུགས་རྒྱུ་དང་གནད་དོན་ཁག་ཐག་གཅོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆོག་པ། 《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བེད་སྤྱོད་གང་ལེགས་བྱས་ཏེ། ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་དང་རྒྱབ་ཤ་དཀར་པོའི་དེབ་དོན་འཁྱོལ་གྱི་དཔྱད་ཞིབ་དང་ཟུང་འབྲེལ་གྱིས་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ཀྱི་ཕན་འབྲས་དངོས་ལ་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཆོག་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།

    མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་མི་ཐེན་ཞའོ་ཅུན་གྱིས“《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་ནང་མིག་སྔར་མཚོ་བོད་ས་མཐོ་ནི་སྔར་མུས་བཞིན་སའི་གོ་ལའི་ཐོག་གི་ས་ཆ་གཙང་ཤོས་ཀྱི་གྲས་ཤིག་ཡིན་ཞེས་འཁོད་འདུག དེས་ན་ང་ཚོས་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྟན་པོར་བཙུགས་ནས་དེ་ང་ཚོ་ཚང་མའི་རྒྱུན་གཏན་འཚོ་བ་དང་ཐོན་སྐྱེད་ཁྲོད་དོན་འཁྱོལ་ཐུབ་པར་བྱ་རྒྱུ་ཡིན”ཞེས་བཤད།

    “སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་འཐུས་སྒོ་ཚང་པོ་བྱུང་བ་དེས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནུས་པ་གལ་ཆེན་ཐོན་ཡོད་ལ་མི་སེར་ལའང་གསེར་དངུལ་ལས་ལྷག་པའི་ཕན་པ་དངོས་ཐོབ་ཡོད། རྔ་སྒྲ་གྲོང་ཚོའི་དུད་ཚང་དབུལ་པོ་ཚང་མ་ནས་སྤྱིར་ན་སྣོད་བཅུད་ལས་གནས་ཐོག་མི་རེ་ཞུགས་ཡོད། ལོ་ལྟར་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་དང་སྣོད་བཅུད་ཁ་གསབ་སོགས་ལམ་ལུགས་ལ་བརྟེན་ནས་མང་ཚོགས་དཀྱུས་མའི་དངུལ་སྨར་གྱི་ཡོང་འབབ་འཕར་ཡོད། གཞན་ཡང་སྣོད་བཅུད་རྔ་སྒྲ་སྐྲུན་རིང་། ང་ཚོ་ལས་དོན་རུ་ཁག་གིས་གྲོང་ཚོ‘ཨུ་ལྷན་གཉིས’ལ་གཞོགས་འདེགས་ཀྱིས་འཚོ་བའི་གད་སྙིགས་བསྡུ་རུབ་དབོར་འདྲེན་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྒོ་རྩའི‘འགན་ལེན་གསུམ’ལམ་ལུགས་སོགས་བཟོས་པ་དང་འཕྲོད་བསྟེན་ལས་གནས་མཁོ་འདོན་བྱེད་པའི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས་ཡོད”ཅེས་དྲ་ཐོག་ནས《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པའི་ཆ་འཕྲིན་མཐོང་རྗེས་གྲ་ནང་རྫོང་རྔ་སྒྲ་ཤང་རྔ་སྒྲ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཨུད་རྩ་འཛུགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་ཉི་མ་རྡོ་རྗེས་མྱོང་ཚོར་ཟབ་མོས་བཤད།

    “ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་དེ་གོ་སྐབས་སུ་བྱས་ཏེ། ནགས་ལས་ཀྱི་ལས་ཀའི་ལམ་སྲོལ་དང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནགས་ལས་སྣོད་བཅུད་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་གཙོ་གནད་འདུ་འགོད་ལག་བསྟར་ནན་ཏན་བྱེད་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་རིང་ཚུར་ལན་བྱས་པའི་གནད་དོན་ལ་དམ་འཛིན་གྱིས་དག་ཐེར་དང་། ཕྱོགས་ཡོངས་ནས་དག་ཐེར། དག་ཐེར་མཐར་ཕྱིན་པ་བཅས་ཡོང་བ་བྱས་ཏེ་ནགས་ལས་སྣོད་བཅུད་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་པ། ནགས་ལས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། སྣོད་བཅུད་ལ་བརྟེན་ནས་མཛེས་པའི་བོད་ལྗོངས་སྐྲུན་པ་དང་། ཕྱུག་འགྱུར་བོད་ལྗོངས་སྐྲུན་པ། བརྟན་ལྷིང་བོད་ལྗོངས་སྐྲུན་པ་བཅས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་ཡག་པོ་སྐྱོད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་རྒྱུ་ཡིན”ཞེས་ལྗོངས་ནགས་ལས་ཐིང་དག་ཐེར་གཞུང་ལས་ཁང་གི་ལས་དོན་མི་སྣས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།