དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-20

     ཉེ་བའི་ལོ་ཤས་རིང་། སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་ཀའི་བླང་བྱ་གཞིར་བཟུང་། སྟག་གདོང་གྲོང་ཚོའི་དོན་དངོས་ལ་གཞི་ཚུགས་ཏེ་དབུལ་སྐྱོར་རྣམ་གྲངས་གསར་སྤེལ་གཏིང་ཟབ་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་སྟག་གདོང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས་འཆར་འགོད་དང་ལག་བསྟར་ནན་ཏན་བྱས་ནས་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱེད་པ་དང་དུས་མཚུངས། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད།

    ཡུལ་བབ་དང་བསྟུན་ནས་ཐབས་ལམ་བཙལ་བ། “སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཅན་གྱི་འཁོར་རྒྱུག ཞིང་འབྲོག་པ་ཞུགས་པ”བཅས་ཀྱི་རྣམ་པ་གཞིར་བཟུང་། སྣེའུ་ཡི་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དམངས་སྲོལ་རིག་གནས་ཡུལ་སྐོར་ཀུང་སི་བཙུགས་ཏེ་མ་དངུལ་སྒོར་དུང་ཕྱུར་1.03བཏང་ནས“སྟག་གདོང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས”ལག་ལེན་བསྟར་བ་དང་གྲོང་ཚོའི་རྣམ་པ་དང་། ཆུ་རྒྱུད་མཚེའུ། མཛེས་ལྗོངས་སྔོ་འགྱུར་བསྐྱར་སྐྲུན་དང་ཉམས་གསོ་བཅས་བྱས་པ་བརྒྱུད། སྟག་གདོང་གྲོང་ཚོ་ལྷ་སའི་གཟའ་མཇུག་གི་ཡུལ་སྐོར་བྱ་ཡུལ་དང་གདོད་མའི་སྣོད་བཅུད་ཀྱི་བོད་ཁྱིམ་འཚོ་བ་ཉམས་ལེན་ཁུལ་དུ་བསྐྲུན་ནས་གྲོང་འདབས་ཀྱི་སོས་དལ་ལྟ་སྐོར་དང་སྤྲོ་གསེང་གཏང་ཡུལ་གཞི་གཅིག་ཅན་གྱི་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གཏོད་རྒྱུ་རེད།

    ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ། ཤང་སྲིད་གཞུང་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ལས་ཀའི་འཇོན་ཐང་ཆེ་བའི་ལས་བྱེད་པ་བདམས་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་ཁུར་བར་མངགས་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་དང་། ལག་རྩལ་འཇོན་ཐང་ཅན། དམག་ལོག་སོགས་ཀྱི་ཁྲོད་ནས“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་བདམས་ཏེ་གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རིང་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་མང་ཚོགས་དབུལ་པོར“སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཁྱད་བསད་བྱེད་དགོས་པའི་སློབ་གསོ་བརྒྱབ་ཐོག་མང་ཚོགས་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་དང་འཇོན་ཐང་ཆེ་རུ་གཏོང་བ་དང་ཁོ་ཚོའི་རང་སྟོབས་ཀྱི་འཇོན་ཐང་དང་གསར་གཏོད་རང་བཞིན་སྐུལ་སྤེལ་བྱས་པ་རེད།

    ཁོངས་མི་ཡོངས་ཞུགས་ནས་ཡོང་འབབ་བསགས་པ། རྣམ་གྲངས་ལག་བསྟར་དང་རྗེས་མཐུད་འཁོར་རྒྱུག་དོ་དམ་བྱེད་རིང་། ལས་གནས་6000ལྷག་ཙམ་མཁོ་འདོན་བྱས་ཏེ་ཡོང་འབབ་སྒོར་ཁྲི་170ལྷག་ཙམ་བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་6400ཟིན་ཡོད། དེ་དང་དུས་མཚུངས“ཞིང་པའི་སྤྲོ་སྐྱིད་ཁང”གི་གཉེར་སྐྱོང་དཔེ་རྣམ་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་གསོལ་ལྕོག་ལ་དམིགས་ཏེ་གྲོང་ཚོ་དང་དེའི་མཐའ་འཁོར་གྱི་ཞིང་ཞོར་ཐོན་ཟོག་གཅིག་གྱུར་ཉོ་སྒྲུབ་དང་གཅིག་སྡུད་ཕྱིར་ཚོང་བྱས་པ་རེད། 2017ལོར་སྟག་གདོང་གྲོང་ཚོས་མུའུ་སྟོང་གི་ཁམ་སྡོང་གླིང་བསྐྲུན་ནས་ཁམ་བུའི་སྡོང་པོ་4000དང་། ཤིང་ཏོག་ལི་ཙིའི་སྡོང་པོ་800 ལིའི་སྡོང་པོ་700 ཀུ་ཤུའི་སྡོང་པོ་500 དེ་བཞིན་ཤིང་འབྲས་གཞན་དག་གི་སྡོང་ཕྲུག་ཁྲི་1.5བཏབ་ནས་ཞིང་ལས་སོས་དལ་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཡུལ་སྐོར་བ་ལྟ་སྐོར་བྱེད་པ་དང་དུས་མཚུངས་ཐོན་རྫས་ཀྱི་ལས་སྟེགས་ལ་བརྟེན་ནས་ཁོང་ཚོར་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།