དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རྨང་གཞིའི་སྒྲིག་བཀོད་སྔོན་ལ་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཧྲན།   |     སྤེལ་དུས།  2018-07-20

    ཡུལ་སྐོར་ཐོན་ལས་ལྷ་སའི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་ཏུ་གྱུར་ཡོད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྔར་བས་འཕེལ་རྒྱས་གཏོང་བར་རྨང་གཞིའི་སྒྲིག་བཀོད་སྔོན་ལ་འཛུགས་སྐྲུན་ཡག་པོ་བྱེད་དགོས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་སྐྲུན་པའི་ལས་དོན་ཡག་པོ་སྒྲུབ་པར་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན་གྱི་བསམ་གཞི་ཡོད་དགོས། ཞབས་ཞུའི་ཡུལ་སྐོར་ཁྲོམ་རའི་སྣ་མང་རང་བཞིན་དང་། ཞབས་ཞུའི་རང་བཞིན། རང་གཤིས་རང་བཞིན་བཅས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས“སྒོ་དབྱེ་དང་། འཐུས་ཚང་། སྟབས་བདེ”བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཡུལ་སྐོར་འགྲིམ་འགྲུལ་དྲ་རྒྱ་དང་། རིག་ལྡན་ཡུལ་སྐོར་དྲ་རྒྱ། སྤྱི་པའི་ཞབས་ཞུའི་མ་ལག་དྲ་རྒྱ་སྐྲུན་དགོས་ལ“དྲ་གསུམ་གཅིག་སྒྲིལ”ཐུབ་པའང་བྱེད་དགོས་པ་དང་། ས་ཁོངས་ཧྲིལ་པོར་ཁྱབ་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས། དམིགས་སའི་ཁུལ་གྱི་གྲུབ་ཆའི་མ་ལག་ལྡན་པའི་ཕྱོགས་ཡོངས་རང་བཞིན་གྱི་ཞབས་ཞུའི་སྒྲོམ་གཞི་གཏོད་དགོས་ལ་ཞབས་ཞུའི་རང་གཤིས་རང་བཞིན་དང་གཏན་འཁེལ་རང་བཞིན་འབུར་དུ་ཐོན་པའང་བྱེད་དགོས་པ། སྲིད་གཞུང་གིས་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་ལ་སྤྱི་ཚོགས་ཅན་གྱི་ཐད་ནས་མངོན་འགྱུར་བྱ་ཐབས་མང་པོ་བསམ་གཞིག་བྱེད་དགོས། དེ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་སྐྲུན་རིང་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས།

    ཡུལ་སྐོར་འགྲིམ་འགྲུལ་གྱི་ཁོར་ཡུག་ལེགས་སུ་གཏོང་དགོས། གཙོ་གནད་འགྲིམ་འགྲུལ་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མཛེས་ལྗོངས་ཁུལ་གྱི“འགྲིམ་འགྲུལ་ཆུང་ངུ”དང་གྲོང་ཁུལ་གྱི“འགྲིམ་འགྲུལ་ཆེན་པོ”སྦྲེལ་མཐུད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། འགྲིམ་འགྲུལ་ལམ་རྒྱུད་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་གྱི་དམིགས་བསལ་ལམ་ཐིག་བཏོད་དེ་ཡུལ་སྐོར་འདུ་འགྲེམས་ལྟེ་གནས་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་རྟེན་གཞི་ཚད་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་མགྱོགས་སུ་བཏང་ནས་མཛེས་ལྗོངས་ཁུལ་དང་དེའི་ཉེ་འཁོར་གྱི་ཆུ་མཁོ་འདོན་དང་། གློག་མཁོ་འདོན། ཁོར་ཡུག་གཙང་སྦྲ། མེ་ཟོན། རླངས་འཁོར་འཇོག་ས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་དང་། མཛེས་ལྗོངས་ཁུལ་དང་ཁྲོམ་འདོན་སར་དོ་དམ་བྱེད་་ཤུགས་ཆེ་རུ་གཏོང་བ། ལྷ་སའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་དང་། དྲན་རྟེན་དངོས་པོ། ཁྱད་ལྡན་ཡུལ་ཟོག་བཅས་གསར་སྤེལ་ཧུར་ཐག་བཅས་བྱས་ནས“གྲགས་ཅན་ཚོང་ཁང་རྙིང་པ”དང་ཡིད་རྟོན་ཚོང་ཁང་ཁག་གཅིག་གཏོད་དགོས། སྣེ་ལེན་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་དགོས། སྐར་མ་རིམ་པའི་ཨར་ཁང་དང་ཁྱད་ལྡན་ཟ་ཁང་ཁག་གཅིག་སྐྲུན་པ་དང་། གཙོ་གནད་ཡུལ་སྐོར་ལས་དོན་ཁང་ཁག་གཅིག་རྒྱ་སྟོབས་ཆེ་རུ་གཏོང་བ་དང་འབྲེལ་ཡུལ་སྐོར་རོལ་རྩེད་ངལ་གསོའི་རྣམ་གྲངས་ཁག་གཅིག་ནང་འདྲེན་བྱེད་དགོས། ཤེས་ལྡན་པ་ནང་འདྲེན་དང་གསོ་སྦྱོང་ལ་མཐོང་ཆེན་བྱེད་དགོས། ཡུལ་སྐོར་ཤེས་ལྡན་པ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཤེས་ལྡན་པར་བྱ་དགའ་སྤྲོད་པའི་སྲིད་ཇུས་ཚན་རིག་དང་མཐུན་པའི་ངང་བཟོས་ཏེ་ཡུལ་སྐོར་ཆེད་ལས་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། སྣེ་ཤན་པའི་དཔུང་ཁག་འཛུགས་སྐྱོང་དང་། གསོ་སྦྱོང་། དོ་དམ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ཡུལ་སྐོར་དང་བླངས་པའི་ཞབས་ཞུའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གཏོད་པ་དང་འཚམ་པའི་ཡུལ་སྐོར་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།