དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གསར་འགྱུར་པར་རིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-20

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས“དྲ་སྦྲེལ་དུས་རབས”སོགས་ཀྱི་ཡུལ་སྐོར་ཁྲོམ་རའི་ཁྱད་ཆོས་ལ་གཞིགས་ནས། བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཟབ་པའི་བྱེད་སྒོ་ཆེ་གྲས་དང་འགྲན་དོན་གཞི་རྟེན་དུ་བྱས་ནས། དྲིལ་བསྒྲགས་ཀྱི་ཐབས་ལམ་ཇེ་ཡངས་སུ་བཏང་སྟེ་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་ཀྱི་རྣམ་གྲངས་དང་། སྟོད་ལུང་གི་ཞང་ཞུང་མེ་ཏོག ཆུ་ཤུར་གྱི་ཡིད་འོང་ཚལ་སྣེ། ལྷུན་གྲུབ་ཀྱི་རྭ་སྒྲེང་རྒྱལ་ཁབ་ནགས་ཚལ་མཛེས་ལྗོངས་ཁུལ། འདམ་གཞུང་གི་དུས་བཞིའི་འབྲོག་གླུ། སྣེའུ་སྟག་གདོང་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་སོགས་ཡུལ་སྐོར་ཐོན་ལས་རྣམ་གྲངས་འབོར་ཆེན་ཞིག་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་ལོ་རེ་ལས་ལོ་རེ་མང་དུ་ཕྱིན་པ་མ་ཟད། ཡུལ་སྐོར་ཞབས་ཞུའི་སྣེ་ལེན་གྱི་ཆུ་ཚད་ཚད་ལྡན་དུ་ཕྱིན་ཡོད། གཞན་ཡང་། “སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཅན་གྱི་འཁོར་རྒྱུག ཞིང་འབྲོག་པ་ཞུགས་པ”བཅས་ཀྱི་རྣམ་པ་གཞིར་བཟུང་། ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དམངས་སྲོལ་རིག་གནས་ཡུལ་སྐོར་ཀུང་སི་བཙུགས་པ་དང་མ་དངུལ་མང་དག་ཅིག་བཏང་ནས“གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས”ལག་ལེན་བསྟར་ཏེ། གཟའ་མཇུག་གི་ཡུལ་སྐོར་བྱ་ཡུལ་དང་གདོད་མའི་སྣོད་བཅུད་ཀྱི་བོད་ཁྱིམ་འཚོ་བ་ཉམས་ལེན་ཁུལ་བསྐྲུན་ནས། གྲོང་འདབས་ཀྱི་སོས་དལ་ལྟ་སྐོར་དང་སྤྲོ་གསེང་གཏང་ཡུལ་གཞི་གཅིག་ཅན་གྱི་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་བཏོད་པ་རེད།

    531619_yis_1531385879110.jpg

    འདི་ནི་ལྷ་སའི་གངས་ལྗོངས་ཡུལ་སྐོར་ཚོང་ཁང་ཆེ་མོར་ཀོང་ཏུང་ནས་སླེབས་པའི་ཡུལ་སྐོར་བས་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཟོག་ཉོ་བཞིན་པའི་གནས་ཚུལ་ཡིན་པ།

    532993_yis_1531817146806.jpg

    འདི་ནི་ནང་ས་ནས་སླེབས་པའི་ཡུལ་སྐོར་བས་བསམ་ཡས་དགོན་དུ་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།