སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་སྣོད་བཅུད་ཁོར་ཡུག་པུའུ་དང་ཆུ་བེད་པུའུ་ཡི་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱིས“དབྱེ་འཛུགས་བཅོས་གསུམ”(སྲུང་སྐྱོང་ཁུལ་དབྱེ་བ་དང་། དབྱེ་མཚམས་ཀྱི་མཚོན་རྟགས་འཛུགས་པ། ཁྲིམས་འགལ་གྱི་གནད་དོན་གཙང་སེལ་བཅོས་སྒྲིག)གྱི་གཙོ་གནད་ལས་འགན་གསུམ་ལ་དམ་པོར་དམིགས་ཏེ་འཐུང་ཆུའི་ཆུ་ཁུངས་སུ་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་མ་ཟད། གྲོང་ཁྱེར(ས་ཁུལ)སྒྲིག་འཛུགས་ནན་ཏན་བྱས་ཏེ་འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་བྱས་པ་རེད།
ཟླ་བ་དྲུག་པར་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་ལྟ་བཤེར་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)གི་འཐུང་ཆུའི་ཆུ་ཁུངས་ཀྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་ལས་དོན་སྤེལ་ཚུལ་ལ་ལྟ་བཤེར་བྱས་པ་རེད། མིག་སྔར་རང་ལྗོངས་ཀྱིས་ཁོར་ཡུག་གནད་དོན་བཅོས་སྒྲིག་ལས་དོན་11བསྒྲུབས་པ་དང་དེ་བྱིངས་ཀྱི་གནད་དོན་དུས་ཚོད་དམ་འཛིན་གྱིས་སྐུལ་འདེད་དང་བཅོས་སྒྲིག་བྱེད་བཞིན་ཡོད་པ་རེད།