ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་འོག་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་སྒྱུར་འཕེལ་བརྟན་གསུམ་གྱི་གཡུར་ཟའི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་ནས་འཚོ་བ་འབྱོར་ཕྱུག་དང་། སྣོད་བཅུད་མཛེས་པ། མི་རིགས་མཐུན་སྒྲིལ་བཅས་ནི་དངོས་འབྲེལ་གྱི་མཚོན་ཚུལ་ཞིག་ལ་གྱུར་ཡོད། ཚེས་18ཉིན་ནི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་མཐའ་མ་དེ་ཡིན་པ་དང་། ལྷ་སའི་གྲོང་མི་རྣམས་རྫོང་རྒྱབ་ཀླུ་ཁང་དང་ནོར་བུ་གླིང་ཁ་སོགས་སུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ་མེ་ཏོག་ཉམས་སུ་མྱོང་བ་དང་གྲུ་བཏང་ནས་དགའ་སྤྲོ་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་བཞིན་ཡོད།