དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་བདེ་འཇགས་ལྟ་སྐུལ་སྡེ་ཚན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཡུལ་སྐོར་བདེ་འཇགས་འགན་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-06-08

     ཚེས་5ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལས་ཀའི་གནས་ཚུལ་བརྡ་ཁྱབ་གཏོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་2ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར་སྤེལ་བའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད། ས་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་བྱེད་སྒོའི་རིང་། བོད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོ་ཡོད་པ་དང་ཡུལ་སྐོར་ཐོན་སྐྱེད་ཀྱི་བདེ་འཇགས་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་རེད།

    བདེ་འཇགས་ནི་ཡུལ་སྐོར་གྱི་སྲོག་རྩ་ལྟ་བུ་ཞིག་རེད། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོའི་རིང་། ཡུལ་སྐོར་གྱི་བདེ་འཇགས་ལས་འཛོལ་ཐོན་སླ་བ་དང་ཐོན་མང་བའི་གཞུང་ལམ་འགྲིམ་འགྲུལ་དང་། མི་སྣ་འདུ་འཛོམས་ཆེ་ས། ཡུལ་སྐོར་ཞབས་ཞུའི་སྒྲིག་གཞི་སོགས་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་བདེ་འཇགས་ལྟ་སྐུལ་ཅུས་ཀྱིས་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཡོད་པ་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་7བཙུགས་ནས་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད། ཁྱོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་580ལ་གྲལ་བཤེར་བྱས་ནས་དག་ཐེར་བྱེད་དགོས་པའི་བརྡ་ཐོ་ཁག་200ལྷག་ཙམ་བཏང་བ་དང་། གནད་དོན་370འཕྲལ་དུ་དག་ཐེར་དོན་འཁྱོལ་བྱས་པས་དག་ཐེར་བྱེད་ཚད་98.2%ཟིན་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད།

    གྲངས་གཞིའི་ཐོག་མངོན་པར་གཞིགས་ན། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཚུན། བོད་ཀྱི་ཡུལ་སྐོར་དཔལ་འབྱོར་བརྟན་པོའི་ངང་འཕར་ཞིང་། ཟླ་དང་པོ་ནས་ཟླ་བཞི་པའི་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་266.7ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་63.5%འཕར་ཡོད། ལྷག་པར་དུ་ཉིང་ཁྲིའི“ཁམ་བུའི་མེ་ཏོག་གི་དུས་ཆེན”གྱིས་ཉིང་ཁྲི་དང་ལྷ་སའི་ཡུལ་སྐོར་ཁྲོམ་རར་ཡར་སྐུལ་བྱེད་ཚད་མངོན་གསལ་དོད་པོ་བྱུང་ནས“ཁམ་བུའི་མེ་ཏོག་གི་དུས་ཆེན”རིང་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་གཅིག་ཀྱང་ཐོན་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།