དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འཕྱོངས་རྒྱས་རྫོང་གི་ཡུལ་སྐོར་ས་ཚིགས་ཚང་མར་ཡུལ་སྐོར་གསང་སྤྱོད་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-24

    ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”གཏོད་པའི་གོ་སྐབས་ལ་བརྟེན་ནས། ཡུལ་སྐོར་གྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཤུགས་ཆེན་བཏང་བས། ཡུལ་སྐོར་གསང་སྤྱོད་གྲོང་ཁྱེར་ནས་གྲོང་གསེབ་ཏུ་ཁྱབ་པ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་སུ་ཁྱབ་སྟེ་ས་ཁོངས་ཧྲིལ་པོའི་བཀོད་པ་རིམ་བཞིན་མངོན་འགྱུར་བྱུང་ཡོད་པ་རེད།

    འཕྱོངས་རྒྱས་རྫོང་གིས་ཡུལ་སྐོར་གྱི“གསང་སྤྱོད་གསར་བརྗེ”ལས་དོན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་གྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལམ་ཐིག གྲོང་གསེབ་ཡུལ་སྐོར་ས་ཚིགས་སོགས་ཡུལ་སྐོར་ཞབས་ཞུའི་ས་ཚིགས་སུ་ཁྱོན་མ་དངུལ་སྒོར་ཁྲི་720ལྷག་ཙམ་བཏང་སྟེ་ཡུལ་སྐོར་གསང་སྤྱོད་9གསར་སྐྲུན་དང་གསང་སྤྱོད་5བསྐྱར་སྐྲུན་རྒྱས་སྐྲུན་བྱས་པས། རྫོང་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས། ཡུལ་སྐོར་ལམ་ཐིག་དང་ལམ་རྒྱུད། འགྲིམ་འགྲུལ་བསྡུ་འགྲེམས་ཁུལ་སོགས་སྤྱི་པའི་ས་ཁོངས་ཀྱི་གསང་སྤྱོད་ཚང་མར་ཁྱབ་པ་མ་ཟད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཐད་ཀྱི་ཡུལ་སྐོར་བའི་དགོས་མཁོ་གཞི་རྩའི་ཆ་ནས་བསྐངས་ཡོད།

    “ཟླ་3ཚེས་5ཉིན། ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས། ‘གསང་སྤྱོད་གསར་བརྗེར’སྐུལ་འདེད་གཏོང་བའི་དོན་སྙིང་སྔར་བས་བཤད་གནང་ཡོད། ང་ཚོས་དམངས་འཚོར་ཕན་འདོགས་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། ཤེས་དཔལ་གཏོད་པ་བཅས་ཀྱི་སྤྱི་ཡོངས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ལ་དམིགས་ནས། ‘གསང་སྤྱོད་གསར་བརྗེར’རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུ་དེ་མཛེས་སྡུག་ལྡན་པའི་འཕྱོངས་རྒྱས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཞིབ་ཕྲའི་ལས་དོན་ཞིག་ལ་བརྩིས་ནས། དམ་འཛིན་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི་ཞན་ཆ་ཧུར་ཐག་གསབ་དགོས”ཞེས་འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་རོན་ཀྲེང་གིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།