དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཇོ་མོ་གླང་མའི་བྱང་འདབས་ནས་ས་བབ་མཐོ་ཚད་སྨི་8300བར་གྱི་རི་འཛེག་ལམ་བཟོ་དང་སྐྱེལ་འདྲེན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-16

    2018ལོའི་ཇོ་མོ་གླང་མའི་རི་འཛེག་དུས་ཚིགས་སླེབས་པ་དང་ཀྲུང་གོའི་བོད་ལྗོངས་ནང་ཁོངས་ཀྱི་བྱང་འདབས་ནས་ས་བབ་མཐོ་ཚད་སྨི་8300བར་གྱི་འཕྲལ་སྒྲུབ་སྒར་སའི་ལམ་བཟོ་དང་དངོས་ཟོག་སྐྱེལ་འདྲེན་ལས་དོན་ལེགས་སྒྲུབ་ཟིན་པ་དེ་ཐོག་ནས་རི་རྩེར་འཛེག་པའི་དུས་ཚོད་མ་སླེབས་གོང་གི་ལམ་བཟོ་དང་སྐྱེལ་འདྲེན་གྱི་ལས་དོན་ཚང་མ་ལེགས་སྒྲུབ་ཟིན་པ་མཚོན་ཡོད། མིག་སྔར་རྒྱལ་ནང་གི་ཇོ་མོ་གླང་མའི་རི་འཛེག་རུ་ཁག་གིས་ལམ་སྣེ་འཁྲིད་པ་དང་རོགས་ལས་བྱས་ནས་སྒར་ས་ཆེ་མོར་ངལ་གསོ་བརྒྱབ་སྟེ་གནམ་གཤིས་དང་འཚམ་པའི་སྐབས་སུ་རི་རྩེར་འཛེག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

    རིར་འཛེག་པའི་ཁྲོད་ཀྱི“ལམ་བཟོ”ཞེས་པ་ནི་རི་འདེབས་ཐོག་ལམ་ཐག་བརྟན་པོར་བཙུགས་ནས་རིར་འཛེག་མཁན་གྱིས་སྤྱོད་དགོས་པའི་ལམ་ཐིག་སྟོན་གྱི་ཡོད། རིར་འཛེག་སྐབས་རི་འཛེག་མཁན་གྱིས་ལྕགས་ཀྱུ་བེད་སྤྱོད་དང་། སྟེང་དུ་འགྲོ་ཆས་དང་ལམ་ཐག་སྦྲེལ་མཐུད་བྱས་ཏེ་བདེ་འཇགས་ལྡན་པའི་ངང་རིར་འཛེག་པ་དང་མར་འབབ་རྒྱུ་ཡོང་བ་བྱེད་ཀྱི་ཡོད། ལམ་ཐག་དེ་རི་འཛེག་གི་དུས་ཚིགས་ཚང་མར་སླར་ཡང་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད། ཉམས་མྱོང་གིས་ཕྱུག་པའི་རི་འཛེག་མཁན་འགའ་ཤས་ཀྱིས་ལམ་ཐག་ལ་བརྟེན་དགོས་ཀྱི་མེད། འོན་ཀྱང་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་ས་ཁོངས་ནང་གི་ཚོང་ལས་རི་འཛེག་རུ་ཁག་གིས་ལམ་བཟོས་རྗེས་གཞི་ནས་བདེ་བླག་ངང་རིར་འཛེག་ཐུབ་ཀྱི་ཡོད་པ་རེད།

    འདི་ལོ་ཁྱོན་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་མཁན་180ཙམ་ཇོ་མོ་གླང་མའི་བྱང་འདབས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་ལ་འཛེག་རྒྱུ་རེད། རི་རྩེར་འཛེག་པའི་གནམ་གཤིས་དེ་ཟླ་5པའི་ཟླ་དཀྱིལ་ལམ་ཡང་ན་ཟླ་སྨད་དུ་འཆར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།