དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་ལ་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-06

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། “དགུན་དུས་བོད་དུ་ཡུལ་སྐོར་བྱེད། འཛམ་གླིང་ཡང་རྩེར་མཉམ་དུ་རོལ”ཞེས་པའི་བྱེད་སྒོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་བརྟན་པོའི་ངང་འཕར་ཏེ་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་ཞིང་། ཟླ་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་106.4ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་49.5%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་12.6ཟིན་པ་དེ་དུས་མཚུངས་ལས་47%འཕར་ཡོད་པ་རེད།

    འདི་ལོ་ཚུན་དང་ལྷག་པར་དུ“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་དངོས་སུ་སྤེལ་ཚུན། ལྗོངས་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་དེ་བཞིན་ཡུལ་སྐོར་ཡོང་འབབ་འཕར་བའི་མྱུར་ཚད་མགྱོགས་ཤིང་། ཟླ་3ཚེས་17ཉིན་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་གྱི་ཐབས་ལམ་གསར་པ་བཏོད་པ་དང་ཟླ་གཉིས་པར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་230%འཕར་བ་དང་ཟླ་གསུམ་པར་སྤ་སེ་རག་དཀའ་བའི་རྣམ་པ་ཐོན་ཡོད། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་ཐབས་ལ་བརྟེན་པ་བརྒྱུད་འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་ལྡབ་6ལ་ཉེ་བ་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།