ཟླ་5ཚེས་1ཉིན་བོད་ལྗོངས་ཉིང་ཁྲི་བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་སྐབས་དྲུག་པའི་བྲག་གསུམ་མཚོ་སྐོར་བའི་རྒྱལ་སྤྱིའི་རི་ཐང་རྐང་འཁོར་བྱེ་བགྲོས་མྱུར་ཚད་འགྲན་བསྡུར་གཉེར་བ་་རེད། འགྲན་བསྡུར་གྱི་ལམ་ཚད་སྤྱི་ལེ་99ཡོད་པ་དང་བཅུ་ཆ་དགུ་ནི་རི་ཐང་རྒྱུག་ལམ་ཡིན་ཞིང་། ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3600ཡན་ཟིན་གྱི་ཡོད། དེ་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་ཞིག་ཡིན་པ་དང་རྒྱལ་ཁབ་138ཙམ་གྱི་རྐང་འཁོར་ལུས་རྩལ་ལ་དགའ་པོ་ཡོད་མཁན་ཚོ་བོད་དུ་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་བོད་ཀྱི་རང་བྱུང་མཛེས་ལྗོངས་རིགས་ཀྱི་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཅིག་པུ་དེ་ཡིན་ཞིང་། 2017ལོར་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་ཕོན་ཆེན་བཏང་ནས་མཛེས་ལྗོངས་ཁུལ་གྱི་ལྗོངས་གཟིགས་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་དང་། མཚོ་སྐོར་དེ་བཞིན་མཛེས་ལྗོངས་ཁུལ་ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་བསྐྲུན་པར་བརྟེན། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ད་བར་གྱི་བྲག་གསུམ་མཚོ་སྐོར་འགྲན་བསྡུར་སྐབས་ལྔ་པོ་དེ་ཡང་བྲག་གསུམ་མཚོའི་མཛེས་ལྗོངས་ལེགས་སུ་ཕྱིན་པ་དང་བསྟུན་ནས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད།