དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉིང་ཁྲིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”རྒྱུགས་ལན་ཡག་པོ་ཞིག་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-02

    “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་ཚུན། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་སྐོར་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་དུས་ཐོག་ཏུ་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། ལས་ཀའི་ཇུས་གཞི་འགོད་པ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲོང་ཁྱེར་ཡོངས་སུ་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྱང་བྱ་སྤྱོད་ཧུར་ཐག་སྤེལ་ཞིང་། ལག་བསྟར་འཆར་གཞི་ཚགས་ཚུད་པོ་བཀོད་པ་དང་། ལས་དོན་དང་འགན་འཁྲི་ཁག་དོན་འཁྱོལ་བྱས་པ། བརྡ་ཐོ་དུས་ཐོག་ཏུ་བཏང་བའི་ཁར། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་དེ“དམངས་ལ་ཕན་པ་འདོགས་པ་དང་། ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ཁྲོམ་ར་བརྟན་པོ་ཡོང་བ”བཅས་ཀྱི་ལས་དོན་དང་ཟུང་འབྲེལ་དང་། ཁམ་བུའི་མེ་ཏོག་གི་ཡུལ་སྐོར་དུས་ཚིགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག མཉམ་དུ་སྐུལ་འདེད་བཅས་ཀྱི་ཐོག་ནས་ལས་འགན་ཁག་རྫོང་དང་ཆུས་ཁག་ལ་ཁག་བགོས་བྱས་པ་དང་། སྲིད་ཇུས་ཁག་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཁག་ལ་དྲིལ་བསྒྲགས་བྱས་ཤིང་། འགན་འཁྲི་ཁག་ཡུལ་སྐོར་འཐབ་ཕྱོགས་དང་པོར་དོན་འཁྱོལ་བྱས་པ་རེད།

    དེ་གོང་དགུན་ཁ་ཤར་མ་ཐག་ཉིང་ཁྲིའི་སྲང་ལམ་ཆེ་ཆུང་ཚང་མ་སྟོང་ལྷང་ལྷང་ཆགས་པ་དང་། ཡུལ་སྐོར་བ་རེ་གཉིས་ལས་མཐོང་རྒྱུ་མེད་པ་མ་ཟད། ཚོང་དུད་མི་ཉུང་བ་ཞིག་ཀྱང་ཚོང་ཁང་གི་སྒོ་བརྒྱབ་ནས་ཕ་ཡུལ་དུ་ལོ་གསར་གཏོང་བར་སོང་བས་གྲོང་མི་དང་ཡུལ་སྐོར་བར་བཟའ་འཐུང་དང་། རོལ་རྩེད། སྤྲོ་སྐྱིད་བཅས་བྱ་ཡུལ་ཇེ་ཉུང་དུ་འགྲོ་གི་ཡོད།

    གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད་ཉིང་ཁྲི་གྲོང་ཁྱེར་གྱིས་2017ལོའི་ཟླ་དགུ་པ་ནས་བཟུང“དམངས་ལ་ཕན་པ་འདོགས་པ་དང་། ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ཁྲོམ་ར་བརྟན་པོ་ཡོང་བ”བཅས་ཀྱི་བྱེད་སྒོའི་ཇུས་གཞི་བཀོད་དེ། 2017ལོའི་ཟླ་12ཚེས་1ནས་2018ལོའི་ཟླ་2ཚེས་28ཉིན་བར་དུ་རྣམ་ཀུན་བཞིན་གཉེར་སྐྱོང་བྱེད་མཁན་ཚོང་དུད་ལ་ལས་རིགས་མི་འདྲ་བ་དང་གཞི་རྒྱ་མི་འདྲ་བར་གཞིགས་ཏེ་གྲངས་འབོར་མི་འདྲ་བའི་བྱ་དགའི་དངུལ་སྤྲོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་སྲང་ལམ་12ཀྱི་ཚོང་དུད་706ཁྲོད་ཀྱི་ཚོང་དུད་509ཡིས་བྱེད་སྒོ་དེར་རང་འགུལ་ངང་ཞུགས་པས། ཚོང་དོན་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་ལ་ཁྲོམ་རའི་དགོས་མཁོ་དང་མཁོ་སྤྲོད་གཉིས་དར་ཡང་བྱུང་བ་རེད། བསྡོམས་རྩིས་ལྟར་ན། བྱེད་སྒོ་སྤེལ་མཇུག་འགྲིལ་རྗེས་ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་སྒོའི་ནང་ཞུགས་པའི་ཚོང་དུད་ལ་བྱ་དགའི་དངུལ་སྒོར་ཁྲི་798.4སྤྲད་ཡོད། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”རིང་འཐུས་སྒོ་ཚང་བའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས་གྲོང་མི་དང་ཡུལ་སྐོར་བ་ཚོས་བྱེད་སྟངས་དེར་བསྔགས་བརྗོད་ཡང་ཡང་བྱས་པ་རེད།

    དགུན་དུས་ཡུལ་སྐོར་ཁྲོམ་རའི་ཚན་རིག་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད་དང“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་གཟིགས་སྐྱོང་སྲིད་ཇུས་ཁག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་དགུན་དུས་ཡུལ་སྐོར་ཁྲོམ་རའི་སྟབས་བསྟུན་དོ་དམ་ལམ་སྲོལ་བཙུགས་པ་དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་བགོས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་དགུན་དུས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་བགོས་ཀྱི་ཉིན་མོའི་བསྡོམས་རྩིས་རེའུ་མིག》དང《“དགུན་དུས་བོད་དུ་ཡུལ་སྐོར་བྱེད·འཛམ་གླིང་གི་སྣེ་གསུམ་པ་ལོངས་སུ་སྤྱོད་པའི’བྱེད་སྒོ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་ལག་བསྟར་ཞིབ་སྲོལ》སོགས་བཟོས་ནས་བཀྲམ་ཁར། དགུན་དུས་ཡུལ་སྐོར་ཁྲོམ་རའི་གནད་སྨིན་ཅན་གྱི་གྲངས་གཞིར་དོ་དམ་བྱས་ཡོད།

    ལོ་མང་རིང“མེ་ཏོག”ལ་བརྟེན་ནས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་དུས་ཆེན་གཉེར་སྐྱོང་བྱས་པར་ཕན་འབྲས་ཡག་པོ་ཐོབ་པ་དང་། བསྡོམས་རྩིས་ལྟར་ན། ཟླ་3ཚེས་29ནས་ཚེས་31ཉིན་བར་གྱི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་རིང་གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་16.9ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་3274.73བྱུང་བ། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་འཕར་ཡོད། དུས་མཚུངས་སུ་སྣང་རྫོང་དང་། སྨན་གླིང་རྫོང་། སྤོ་བོ་རྫོང་། རྫ་ཡུལ་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་ཀྱི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡན་ལག་ཚོགས་རའི་སྐུལ་ཁྲིད་འོག་ཉམས་ལེན་ཡུལ་སྐོར་འཕེལ་རྒྱས་སྔར་ན་མེད་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།