དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཧྥུའུ་ཀྲོའུ་རུ་བོད་ཀྱི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-01

    “དགུན་དུས་བོད་ལྗོངས་ཡུལ་སྐོར”གྱི་གཟིགས་སྐྱོང་བྱེད་སྒོ་རབ་དང་རིམ་པའི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། འདི་ལོའི་དབྱར་དུས་ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བའི“མཉམ་དུ་འཛམ་གླིང་ཡང་རྩེ་སྐོར”ཞེས་པའི་བོད་ཀྱི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་ཧྥུའུ་ཀྲོའུ་རུ་སྤེལ་བ་རེད། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་དང་། ལྷོ་ཕྱོགས་མཁའ་འགྲུལ། བོད་ལྗོངས་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སི་ཆེ་གྲས་6དང་ཁྲེན་ཏུའུ་ཀྲུང་ཀང་རྒྱལ་ཁབ་ཡུལ་སྐོར་དང་དེ་བཞིན་ཧྥུའུ་ཀྲོའུ་ཡི་མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་མི་སྣ་300ཙམ་འོས་སྦྱོར་ངོ་སྤྲོད་ལ་ཞུགས་ནས་མཉམ་ལས་སྐོར་གྲོས་བསྡུར་བྱས་པ་རེད།

    ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་བྱེད་སྒོས་བོད་ཀྱི་དུས་ཡུན་རིང་བའི་ལོ་རྒྱུས་རིག་གནས་ཀྱིས་ནང་དོན་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ཀྱིས་འདེགས་སྐྱོར་བྱེད་པ། བོད་དབུས་ཡུལ་སྐོར་གྱི་སྐོར་ལམ་སོགས་ཡུལ་སྐོར་ལམ་ཐིག་གཙོར་བཟུང་བཅས་བྱས་ནས། བརྙན་ལམ་ནས་སྟོན་པ་དང་། པར་རིས་དང་ཡི་གེ་འཁོད་པའི་ཡུལ་སྐོར་དེབ་སྤྲོད་པ། སྒྲོག་འགྲེལ་ཁྱབ་གདལ་སོགས་ཀྱི་བྱེད་ཐབས་བརྒྱུད། ལེགས་པོ་དང་། ལྷ་མོའི་བླ་མཚོ། ཀླུ་ནང་ནགས་ཚལ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་གཅིག་སྡུད་ངོ་སྤྲོད་བྱས་པས། སྐུ་མགྲོན་ཚོའི་ཡིད་དབང་འཕྲོགས་པ་དང་། བོད་ཀྱི་རིག་གནས་ཀྱི་ནང་དོན་རྟོགས་པ་མ་ཟད། ཡུལ་སྐོར་དུ་བསྐྱོད་རྒྱུའི་སྤྲོ་བ་ཡང་འཕེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།