དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ལྷ་སས་བྱང་སྐོར་ལམ་ཐིག་གི་གྲོང་གསེབ་ཡུལ་སྐོར་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-05-01

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཕོ་བྲང་པོ་ཏ་ལ་དང་། གནམ་མཚོའི་མཛེས་ལྗོངས་ཁུལ། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》བཅས་ཕུད་འདི་ལོ་ལྷ་སས་མཚུར་ཕུ་ལུང་ཤུར་དང་། སྟར་སྡོང་གྲོང་ཚོ། འཇུན་པ་ཉ་གྲོང་། བྲག་ཡེར་པ། རྭ་སྒྲེང་ནགས་ཚལ་སྤྱི་གླིང་སོགས་ལྷ་སའི་བྱང་སྐོར་ལམ་ཐིག་གི་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ཐོག་མར་ཁྱབ་གདལ་བཏང་ནས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།

    ཟླ་4ཚེས་28ཉིན། གསར་འགོད་པས་ལྷ་སའི་བྱང་སྐོར་ལམ་ཐིག་དང་བྲག་ཡེར་པ་མཛེས་ལྗོངས་ཁུལ་གྱི་ཆེད་དོན་ཡུལ་སྐོར་འོས་སྦྱོར་ནས་ཤེས་རྟོགས་བྱས་པར་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་འདི་ལོ་གྲོང་གསེབ་ཡུལ་སྐོར་གྱི་ཐོན་ཁུངས་དང་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་ལྷ་སའི་བྱང་སྐོར་ལམ་ཐིག་གི་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་རྒྱུ་སྟེ། ལྷ་ས་གྲོང་ཁུལ་དང་། སྟོད་ལུང་བདེ་ཆེན་ཆུས། མཚུར་ཕུ་ལུང་ཤུར། སྟར་སྡོང་གྲོང་ཚོ། ས་གཙང་ཐོན་ལས་གླིང་། འཇུན་པ་ཉ་གྲོང་། སྙེ་མོ་ཐོན་པ་མཛེས་ལྗོངས་ཁུལ། ཁྱུང་མོ་གངས་རི། ཡངས་པ་ཅན། གནམ་མཚོ། རྭ་སྒྲེང་ནགས་ཚལ་སྤྱི་གླིང་། འབྲི་གུང་མཐིལ་དགོན། གཏེར་སྒྲོམ་ཆུ་ཚན། རུ་ཐོག་ཆུ་ཚན། གཟི་བྱིན་བླ་མཚོ། རྒྱ་མ་ལུང་མཛེས་ལྗོངས་ཁུལ། དགའ་ལྡན་དགོན་པ། བྲག་ཡེར་པ། ཚལ་གུང་ཐང་། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》བཅས་ཡིན་པ་རེད། དེའི་ཐད་བོད་ལྗོངས་སྐལ་བཟང་མེ་ཏོག་ཡུལ་སྐོར་ལས་དོན་ཁང་གིས་ད་དུང་ཡུལ་སྐོར་ལམ་ཐིག་22བཏོན་པའི་ནང་ནས་12ནི་རྒྱུན་གཏན་ལམ་ཐིག་དང་10ནི་གསར་དུ་བཏོན་པའི་ལམ་ཐིག་ཡིན་པ་རེད།

    ལྷ་སར་ལོར་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད་3000ཡན་ཡིན་པ་དང་རིམ་ཁག་རིག་དངོས་སྲུང་སྐྱོང་ཚན་པ་བརྒྱ་ལྷག་ཡོད་པས་འཛམ་གླིང་དུ་སྐད་གྲགས་ཆོད་པའི་རིག་གནས་གནའ་གྲོང་དང་ཡུལ་སྐོར་གྲོང་ཁྱེར་ཞིག་རེད། 2017ལོར། ལྷ་སས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1606ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་227.4རག་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ད་ཆ་ལྷ་སས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་ཡུལ་སྐོར་ལ་སྒུལ་ཤུགས་གསར་པ་སྦྱིན་ནས། གྲོང་ཁྱེར་ཡོངས་སུ་སྤྱི་ལེ་100ཡི་གྲོང་གསེབ་ཡུལ་སྐོར་དང་དབུལ་སྐྱོར་ཆེད་སྤྱོད་བགྲོད་ལམ་འཛུགས་སྐྲུན་ལེགས་གྲུབ་ཀྱིས་ཤང་དང་གྲོང་རྡལ་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

    ལྷ་སའི་ལྷོ་ནུབ་ལུང་ཤུར་གྱི་སྟར་སྡོང་གྲོང་ཚོ་ནི། ནགས་ཚལ་དང་། གྲོང་ཚོ། མཚེའུ། གཞིས་ཀ་བཅས་ཀྱི་དབུས་སུ་གནས་པར་བརྟེན། གྲོང་མི་དང་ཡུལ་སྐོར་བ་མང་པོའི་སྤྲོ་གསེང་བྱ་ཡུལ་དུ་གྱུར། 2017ལོར། སྟར་སྡོང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ལ་སྣེ་ལེན་ཞུས་ཏེ་གྲོང་མིར་ལས་གནས་བརྒྱ་ལྷག་བཏོད་པས་གྲོང་ཚོའི་དུད་ཚང་དབུལ་པོ་51གི་མང་ཚོགས་དབུལ་སྒྲོལ་ཐུབ་པ་མ་ཟད། དེ་དང་བར་ཐག་ཉེ་བའི་འཇུན་པ་ཉ་གྲོང་དུ་ཀོ་བྲོར་ལྟ་བ་དང་། ཉ་བཟུང་ནས་ཟ་བ་སོགས་བོད་ཀྱི་ཉ་པའི་ཕ་ཡུལ་གྱི་་རིག་གནས་ལ་མྱོང་རོལ་བྱ་རྒྱུ་དེ་གྲོང་གསེབ་ཡུལ་སྐོར་གྱི་འཁྲུག་ཆ་དོད་སར་གྱུར་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་བཀྲམ་པའི་གྲངས་གཞི་ལས་མངོན་པར་ལྟར་ན། 2017ལོའི་ལོ་མཇུག་བར། བོད་ཀྱི་ཞིང་འབྲོག་མང་ཚོགས་ཡུལ་སྐོར་ནང་ཞུགས་པའི་མི་གྲངས་ཁྲི་12.5ཟིན་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2བྱུང་ཡོད། མིག་སྔར། བོད་རང་སྐྱོང་ལྗོངས་སུ“ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་ལ་རོགས་སྐྱོར་དང་། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ། བདེ་སྡོད་ཕྱུག་འགྱུར། གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ”བཅས་ཀྱི་ཡུལ་སྐོར་དམངས་ཕྱུག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་ནས་ཞིང་འབྲོག་པ་རྣམས“ཡུལ་སྐོར་ལམ”དུ་བསྐྱོད་དེ“ཡུལ་སྐོར་ཡོང་འབབ”གསོག་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།