དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལེགས་པོའི་སྟག་མ་མེ་ཏོག་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-26

    ཉེ་ཆར། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“2018ལོའི‘མགྱོགས་མྱུར་བགྲོད་དལ་གྱིས་སྐོར། མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས’ཅེས་པའི་ལེགས་པོའི་སྟག་མ་མེ་ཏོག་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ”འཚོགས་པ་རེད།

    ད་ཐེངས་ཀྱི་མཚམས་སྦྱོར་ཚོགས་འདུའི་དམིགས་ཡུལ་ནི་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་དང་ཡུལ་སྐོར་ལས་དོན་པར་ལྷོ་ཁ་གྲོང་ཁྱེར་གྱི“ཡུལ་སྐོར་བ་ཉུང་བའི་དུས་ཚིགས་མེད”ཅེས་པའི་ཡུལ་སྐོར་སྐྱོད་ལམ་གྱི་ཐོན་རྫས་ཤེས་རྟོགས་བྱེད་དུ་འཇུག་པ་དང“བོད་མིའི་འབྱུང་ཁུངས་ལྷོ་ཁ”ཞེས་པ་མཚོན་རྟགས་སུ་བྱས་པའི་རྒྱལ་སྤྱིའི་ཡུལ་སྐོར་སྤུས་རྟགས་གཏོད་པའི་ཆེད་དུ་རེད། ཚོགས་འདུའི་ཐོག་ད་དུང་2018ལོའི《ཡུལ་སྐོར་ལས་དོན་ཁང་གིས་ལྷོ་ཁར་ཡུལ་སྐོར་བ་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ལྕག་སྐུལ་བྱ་རྒྱུའི་སྐོར་གྱི་གཟིགས་སྐྱོང་བྱ་ཐབས》བཏོན་པ་དང་། 2017ལོར་ཡུལ་སྐོར་ལས་དོན་ཁང་གིས་ཚོགས་པ་སྒྲིག་འཛུགས་བྱས་ནས་དྲིལ་བསྒྲགས་ཚོང་སྐུལ་བྱས་པའི་ཁ་གསབ་མ་དངུལ་སྒོར་ཁྲི་14.7ས་གནས་ས་ཐོག་ཏུ་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྩེད་ཐང་གི་རིམ་པ་མཐོ་བའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཆབས་གཅིག་ལྷོ་ཁ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་དོ་དམ་ལ་དམ་འཛིན་བྱས་པ་དང་། ཡུལ་སྐོར་སྐྱོད་ལམ་རྩེ་གྲ་6གཏོན་པ། ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་དང་ཁྱད་ལྡན་ཐོན་རྫས་རབ་དང་རིམ་པ་བཏོན་པ་ལས“མགྱོགས་བགྲོད”དང“དལ་སྐོར”ཞེས་པའི་ཡུལ་སྐོར་གྱི་ཆགས་སྟངས་གསར་པ་ཞིག་རིམ་བཞིན་ཆགས་ཡོད། འདི་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་ཁྱོན་ཁྲི་52.47ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་1.61བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་56%དང་39%སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།