དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཟླ་5ཚེས་1ཉིན་ནས་བཟུང་རྒྱལ་ཁབ་ལ་དབང་བའི་བོད་ཀྱི་གཙོ་གནད་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྤ་སེའི་རིན་གོང་ཕྱེད་ཀ་ལས་སྤྲོད་མི་དགོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-04-26

    ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ཡུལ་སྐོར་ཁྲོམ་ར་བར་བརྒལ་བརྟན་པོ་དང་དེ་བཞིན་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ་ཡིན་པ་དང་རྒྱལ་ཁབ་ལ་དབང་བའི་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག(ཕོ་བྲང་པོ་ཏ་ལའི་ཐེག་ནུས་ཚད་ལས་བརྒལ་བ་ཕུད)ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་སྤ་སེའི་རིན་གོང་ཕྱེད་ཀ་ལས་སྤྲོད་མི་དགོས་ལ་མཁའ་འགྲུལ་དང་ཡུལ་སྐོར་རླངས་འཁོར་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱང་མུ་མཐུད་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    2018ལོའི་ཟླ་1ཚེས་31ཉིན་ཞིབ་འཇུག་དང་གྲོས་མོལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཕྱི་ཕྱོགས་སུ“དགུན་དུས་སུ་བོད་དུ་ཡུལ་སྐོར་བྱེད། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་ཁྲོམ་རར་སྐུལ་འདེད་ཀྱི་བྱེད་སྒོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་Aརིམ་པའི་མཛེས་ལྗོངས་ཁུལ་115དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་སོགས་ལ་གཟིགས་སྐྱོང་བྱེད་ཐབས་མང་པོ་ཞིག་ཁྱབ་བསྒྲགས་བྱས་པས་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ནས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ཡོད་པ་རེད།

    “དགུན་དུས་སུ་བོད་དུ་ཡུལ་སྐོར་བྱེད། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཚུན་བོད་ཀྱི་ཡུལ་སྐོར་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང“འགོ་ཡག་པོ་ཞིག་འཛུགས་ཐུབ་པ”བྱུང་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་དང་པོ་ནས་གསུམ་པའི་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་106.4ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་49.5%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་12.6ཟིན་པ་དེ་དུས་མཚུངས་ལས་47%འཕར་ཡོད། ལྷག་པར་དུ་བྱེད་སྒོ་དངོས་སུ་སྤེལ་བའི་ཟླ་གཉིས་པ་ཚུན་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་འཕར་ཚད་མཐོ་པོ་བྱུང་ཞིང་། ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་དུ་ཟླ་3ཚེས་17ཉིན་ལོ་རྒྱུས་རང་བཞིན་གྱི་ཡུལ་སྐོར་འགྲོ་ལམ་བཏོད་པ་དང་ཟླ་གཉིས་པར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་230%འཕར་བ་དང་ཟླ་གསུམ་པར“སྤ་སེ་གཅིག་ཀྱང་རག་དཀའ་བའི”སྣང་ཚུལ་ཐོན་ཡོད། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་2016ལོར་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲར་བཏོད་པ་དང་2017ལོར་A5རིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་བཀལ་རྗེས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་དགེ་མཚན་ལྡན་པའི་ཤུགས་རྐྱེན་ལ་བརྟེན་ནས་འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་དུས་མཚུངས་ལས་ལྡབ་6ཙམ་འཕར་ཡོད།

    ཟླ་5ཚེས་1ཉིན་གྱི་རྗེས་ཡུལ་སྐོར་བ་བོད་དུ་ཡུལ་སྐོར་བྱེད་སྐབས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོའི་ཁྲོད་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཉོ་མི་དགོས་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་མེད་ནའང་རྒྱལ་ཁབ་ལ་དབང་བའི་གཙོ་གནད་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྤ་སེའི་རིན་གོང་ཕྱེད་ཀ་ལས་སྤྲོད་མི་དགོས་པའི་ཐོབ་ཐང་ལོངས་སུ་སྤྱོད་ཆོག

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་ཕྱིར་བསྒྲགས་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཁབ་ལ་དབང་བའི་གཙོ་གནད་མཛེས་ལྗོངས་ཁུལ་ཁག་གཅིག་གི་མིང་ཐོ་བསྡོམས་རྩིས་བྱེད་བཞིན་ཡོད་པ་དང་མགྱོགས་མྱུར་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།